དྲྭ་ཚིགས་འདི་ནི་ཚོད་ལྟའི་ཐོག་སྒེར་གྱི་དུས་ཚོད་མི་ཉུང་བ་ཞིག་བཏང་ནས་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བཞུས་པའི་དཔེ་དེབ་ཡོངས་རྫོགས་ཀྱི་དཀར་ཆག་དྲྭ་ཚིགས་ཀྱི་རྣམ་པའི་ཐོག་ལྟ་བདེ་འཚོལ་བདེའི་ཆེད་དུ་དམིགས་ནས་བཟོས་པ་ཡིན།
ཐོག་མར་བོད་ཀྱི་དཔེ་མཛོད་ཁང་དུ་ལོ་གསུམ་རིང་དྲྭ་ཚིགས་བདག་ཉར་གྱི་ལས་འགན་དང་། དེ་ནས་ལོ་བཅུ་ལྷག་དཔེ་དེབ་དཔར་སྐྲུན་སྡེ་ཚན་ནང་དཔེ་དེབ་སྒྲིག་འཇུག་དང་རྒྱབ་ཤ་ཇུས་འགོད་སོགས་ཀྱི་ལས་ཀ་སྒྲུབ་མུས་ཁར་དཔར་སྐྲུན་ཟིན་པའི་དེབ་ཀྱི་གནས་ཚུལ་རྣམས་འབྲེལ་ཡོད་ལས་བྱེད་ཚོས་མཁྱེན་སླད། དེ་བཞིན་རྒྱ་ཆེའི་མི་མང་དང་། དཔེ་དེབ་ལ་དོན་གཉེར་ཅན། དེ་བཞིན་དཔེ་དེབ་བླུ་ཡོན་ཞུ་མཁན་ཚོར་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་པའི་དཔེ་དེབ་ཆ་ཚང་བལྟ་ཐུབ་པའི་ཆེད་དུ་དམིགས་ནས་དྲྭ་ཚིགས་འདི་བཟོས་པ་ཡིན་པས་ཕན་ཐོག་ཡོང་བའི་རེ་བ་ཡོད།
དཔེ་དེབ་རེ་རེའི་རྒྱབ་ཤའི་ཐོག་གནན་ན་དཔེ་དེབ་ཀྱི་ནང་དོན་བརྒྱ་ཆ་བཅུ་རིན་མེད་དུ་ལྟ་ཐུབ།
དཔེ་དེབ་དེ་དག་འཕྲུལ་དེབ་ཡིན་པས་ཉོ་སྒྲུབ་སོགས་བྱས་ན་འཕྲུལ་དེབ་ཀྱི་རྣམ་པའི་ཐོག་དཔེ་དེབ་ཆ་ཚང་ཀློག་ཐུབ་རྒྱུ་ཡོད་པ་ལས་དཔེ་དེབ་དངོས་པོ་རགས་རྒྱུ་ཞིག་མེད་པས་དེ་དོན་དགོངས་པར་མངའ་བར་ཞུ།
ཉོ་སྒྲུབ་བྱས་པའི་དེབ་དང་རིན་པ་ཡོངས་རྫོགས་བོད་ཀྱི་དཔེ་མཛོད་ཁང་ལ་ཐོབ་ཀྱི་ཡོད་པས་དྲྭ་ཚིགས་བཟོ་མཁན་སྒེར་དང་འབྲེལ་བ་མེད།
ད་ལྟའི་ཆར་ཕྱི་ལོ་ ༢༠༡༦ ནས་ ༢༠༢༦ བར་གྱི་དཔེ་དེབ་ཡོངས་རྫོགས་ཀྱི་དཀར་ཆག་བཅུག་བཞིན་ཡོད།
གུས་པའི་དྲ་གནས་སུ་ཕེབས་ན། www.sonamdawa.com
ཉེ་ཆར་བོད་ཡིག་ཡིག་གཟུགས་ ༢༣༥ བསྡུས་པའི་ཕབ་ལེན་དྲ་གནས་གཅིས་བཟོས་ཡོད་པས། འདིར་གཟིགས།
གུས་བསོད་ནམས་ཟླ་བས།
༢༠༢༦ ཟླ་ ༨ ཚེས་ ༡༥ ཉིན།
