བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན། སྟོད་ཆའི་གླེགས་བམ་གཉིས་པ།

Click on Cover to Preview Book Sample
978-93-90752-13-3
དེབ་གཟུགས། 7 X 9.5
ལོ་རྒྱུས་དེབ་ཕྲེང་། 68
དཔར་སྐྲུན་ལོ། 2026, 2022 [JA(A)/2026/35]
དཔར་གྲངས། 300 [V]
ཤོག་གྲངས། 728
Rs.1950


དཔེ་དེབ་འདི་ནི་རྒྱ་རིགས་རྩོམ་པ་པོ་ལིག་ཧན་ཁྲིན་གྱིས་བརྩམས་པ་དང༌། སྒྱུར་བ་པོ་སངས་རྒྱས་སྐྱབས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན།

དེབ་འདིའི་བརྗོད་བྱ་གཙོ་བོ་ནི་གཤམ་གསལ་ལྟར་ཡིན།

  • གཙོ་བོའི་བརྗོད་གཞི། དེབ་འདིའི་ནང་རྒྱ་ནག་ཆིང་རྒྱལ་རབས་ཀྱི་གཞུང་ཕྱོགས་ཡིག་ཆ་ཁུངས་བཙན་ཁག་གཞིར་བཟུང་སྟེ། ཆིང་རྒྱལ་རབས་སྐབས་སུ་བོད་ནི་ཆིང་བཙན་རྒྱལ་ལས་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་དཔང་རྟགས་ཁག་རིགས་པས་དཔྱད་དེ་ར་སྤྲོད་བྱས་ཡོད།
  • བོད་རྒྱའི་འབྲེལ་བར་དབྱེ་ཞིབ། བོད་དང་ཆིང་བར་བྱུང་བའི་དམག་འཁྲུག་དང་ལོ་རྒྱུས་དོན་རྐྱེན་ཁག་ལ་ཞིབ་འཇུག་བྱས་པ་བརྒྱུད། ཆིང་སྲིད་གཞུང་ལ་བོད་ཀྱི་བདག་དབང་ངམ་དོན་དངོས་ཀྱི་དབང་ཆ་ཅི་ཡང་མེད་པ་ར་སྤྲོད་བྱས་ཡོད།
  • ལོ་རྒྱུས་ཀྱི་དོན་རྐྱེན་གལ་ཆེན་ཁག དེབ་འདིའི་ནང་གཤམ་གསལ་ལོ་རྒྱུས་ཀྱི་བྱུང་རིམ་ཁག་ལ་དབྱེ་ཞིབ་ནན་པོ་བྱས་ཡོད།
    • ༡༧༥༠ ལོར་རྒྱ་ནག་གི་བོད་སྡོད་བློན་ཆེན་གྱིས་བོད་ཀྱི་རྒྱལ་པོ་འགྱུར་མེད་རྣམ་རྒྱལ་ལྐོག་གསོད་བྱས་པའི་བརྒྱུད་རིམ།
    • ༡༧༤༥། ༡༨༡༥། ༡༨ ༦༥ ལོ་སོ་སོར་བྱུང་བའི་ཉག་རོང་དམག་འཁྲུག་ཐེངས་གསུམ་གྱི་གནས་ཚུལ།
    • ༡༧༨༨ - ༡༧༨༩ ལོ་དང་ ༡༧༩༡ - ༡༧༩༢ ལོའི་བོད་གོར་ (བལ་ཡུལ) དམག་འཁྲུག་སྐབས་ཀྱི་བྱུང་རིམ།
    • ༡༧༩༣ ལོའི་ལས་དོན་བྱེད་ཕྱོགས་ཀྱི་སྒྲིགས་ཡིག་ (གསེར་བུམ་དཀྲུག་འདོན་སྐོར་ཚུད་པ།) ཟེར་བའི་ཆིང་སྲིད་གཞུང་གི་གདོད་མའི་ཡིག་ཆར་དཔྱད་པ།
    • ༡༨༥༥ ལོའི་བོད་གོར་དམག་འཁྲུག་ཐེངས་གསུམ་པའི་བྱུང་རིམ།
    • ༡༨༨༧ ལོའི་སྐབས་སུ་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་པའི་དམག་འཁྲུག་ཐེངས་དང་པོ་དང༌། ༡༩༠༤ ལོའི་སྔ་རྗེས་སུ་བྱུང་བའི་བོད་དབྱིན་དམག་འཁྲུག་ཐེངས་གཉིས་པའི་བརྒྱུད་རིམ།
  • དམག་དཔུང་བཅའ་སྡོད་སྐོར། ཆིང་སྲིད་གཞུང་ལ་བོད་དུ་བཀོལ་སྤྱོད་བྱེད་ཆོག་པའི་བཅའ་སྡོད་དམག་དཔུང་མེད་པ་ལོ་རྒྱུས་ཀྱི་ཡིག་ཆར་རིགས་པས་དཔྱད་དེ་ར་སྤྲོད་བྱས་ཡོད།
  • རྒྱ་དམར་གྱི་བཤད་ཚུལ་ལ་དགག་པ། དེ་རིང་རྒྱ་དམར་གྱི་བོད་དོན་ལོ་རྒྱུས་དཔེ་དེབ་ཁག་གི་ནང་དོན་ལོག་ཁྲིད་དང་འཁྱོགས་བཤད་བྱས་པ་རྣམས་ཆིང་གི་གདོད་མའི་གཞུང་ཡིག་གི་མ་ཡིག་ཁག་དྲངས་ཏེ་ཐེར་འདོན་བྱས་ཡོད།

དེབ་འདི་ནི་ལིག་ཧན་ཁྲིན་གྱིས་བརྩམས་ཤིང་། སངས་རྒྱས་སྐྱབས་ཀྱིས་བོད་སྒྱུར་ཞུས་པ་ཞིག་ཡིན།

Comments

Comments

Post a Comment