ལམ་རིམ་དམར་ཁྲིད་བདེ་ལམ་དང་མྱུར་ལམ།


Click on Book Cover for Book Preview
978-93-49244-56-6
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 60
དཔར་སྐྲུན་ལོ། 2026  [JA(A)/2026/31]
དཔར་གྲངས། 500   [AF#3140#3143/V]
ཤོག་གྲངས། 234
Rs.360

པཎ་ཆེན་བློ་བཟང་ཆོས་རྒྱན་དང་པཎ་ཆེན་བློ་བཟང་ཡེ་ཤེས།
༄། ལམ་གྱི་རིམ་པའི་ཁྲིད་ཡིག་གི་དབང་དུ་བྱས་ན། ལམ་རིམ་ཆེ་འབྲིང་ཆུང་གསུམ་དང་། གསེར་ཞུན་མ། འཇམ་དཔལ་ཞལ་ལུང་། བདེ་ལམ། མྱུར་ལམ། ལེགས་གསུང་ཉིང་ཁུ་བཅས་ཁྲིད་ཆེན་བརྒྱད་དུ་གྲགས་པས་མཚོན། མཚན་ཙམ་ཐོས་པས་ཀྱང་བསྟན་པའི་གནད་ལ་གོ་བ་སྟེར་ཐུབ་པའི་གཞུང་བཟང་མང་དུ་བཞུགས་པའི་ཁྲོད་ནས། སྐབས་སུ་བབ་པ་དམར་ཁྲིད་བདེ་ལམ་དང་མྱུར་ལམ་འདི་གཉིས་པོ་ནི་དབེན་ས་སྙན་བརྒྱུད་ཀྱི་སྔགས་དང་འབྲེལ་བའི་བདུད་རྩི་འབེབས་སྦྱང་དང་སེམས་དཔའ་སུམ་བརྩེགས་སོགས་ལམ་གྱི་གནད་དུ་མས་བརྒྱན་པ་ཞིག་ཡིན་པར་མ་ཟད། འདིའི་མྱོང་ཁྲིད་ཀྱི་བརྒྱུད་པའང་གནའ་ནས་ད་བར་དུ་མཚམས་མ་ཆད་པར་བྱིན་རླབས་ཀྱི་ཁ་རླངས་འཐུལ་ལེ། མན་ངག་གི་ཟིལ་བ་ཕྲོམ་མེར་བཞུགས་པ་ཞིག་ཡིན་པ་དགེ་བའི་བཤེས་གཉེན་དུ་མས་མགྲིན་དབྱངས་གཅིག་གིས་གསུང་བཞིན་འདུག་ན་རང་གི་བགོ་སྐལ་དུ་ལོངས་ཤིག་གུ།

Comments

Comments

Post a Comment