དཎྜིའི་འོད་ཟེར།


Click on Book Cover for Book Preview
978-93-49244-39-9
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 36
དཔར་སྐྲུན་ལོ། JA(A)/2026/29
དཔར་གྲངས། 500 (AF#3182#3185/Sahra/66150)
ཤོག་གྲངས། 220
Rs.390

རྩོམ་པ་པོ་ཕག་རི་ལྷ་ཁང་བློ་བཟང་རྣམ་རྒྱལ།
༄། སྙན་ངག་མེ་ལོང་མ་ལེའུ་གསུམ་གའི་དཔེར་བརྗོད་ཆ་ཚང་བར་བྲིས་པ་འདི་ནི་སྤྱིར་བཏང་གི་དཔེར་བརྗོད་རང་དགའ་བ་ཞིག་མ་ཡིན་པར་བརྗོད་བྱའི་ཆ་ནས། གཙོ་བོ་དུས་འགྱུར་སྐབས་ཀྱི་བོད་མིའི་ལུས་སེམས་ཀྱི་དཀའ་སྡུག་དང་། སྙིང་སྟོབས། ཆོད་སེམས་སོགས་བརྗོད་བྱར་བླངས་ཏེ་ཚོར་བའི་རླབས་རྩེ་ནས་ཤོར་བའི་སེམས་གཏམ་དམར་མོ་དག་ལྕགས་སྨྱུག་གི་སོ་ཁ་ནས་རྩོལ་མེད་དུ་འཕོས་པའི་དཔེར་བརྗོད་ཕུན་སུམ་ཚོགས་ཤིང་། སྲོལ་རྒྱུན་རྩོམ་གཤིས་ཀྱི་རྩམ་དྲི་མ་ཡལ་བ་སློབ་དཔོན་དཎྜིའི་འཕྲིན་ལས་ངོ་མ་ཞིག་ཏུ་གྲུབ་འདུག །སྤྱིར་སྙན་ངག་དགེ་རྒན་ཞིག་ལ་མཚོན་ན་ཕོ་མོའི་བརྩེ་དུང་བརྗོད་གཞིར་བླངས་ཏེ་དེ་ལ་འཆར་ཡན་གྱིས་སྒྲོ་བཏགས་ནས་སྟོང་འདང་གི་ནམ་མཁར་འཕུར་ན། སློབ་པ་པོས་སློབ་བདེ་ཞིང་ཉན་པ་བོར་དབྱིངས་ཞུགས་པ་སོགས་ཁྱད་ཆོས་དམིགས་བསལ་བ་ཞིག་ཡོད་པ་སྨོས་མ་དགོས་ནའང་། སྐབས་དེའི་རང་རེའི་དཀའ་སྡུག་གི་ཚོར་སྣང་སྐྱུར་མོ་དེ་ནི་ཕོ་མོའི་བརྩེ་དུང་གི་ཚོར་རླབས་ལས་ཀྱང་ན་ཟུག་ཆེ་བས། རྩོམ་པ་པོའི་ཚོར་བའི་གཏིང་རུམ་ནས་དྲངས་པའི་སྙན་ངག་གི་བཟི་ཆང་ངར་མ་འདི། འུ་ཅག་བཙན་བྱོལ་བའི་སློབ་ཕྲུག་ཚོས་ངེས་པར་དུ་ཧུབ་ཆེན་ཧུབ་ཆུང་གིས་བཞེས་པར་ཞུ།

Comments

Comments

Post a Comment