Click on Book Cover for Book Preview
978-93-49244-92-4
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 103
དཔར་སྐྲུན་ལོ། 2026 [JA(A)/2026/24]
དཔར་གྲངས། 500 [AF#3181/V]
ཤོག་གྲངས། 482
Rs.690
རྩོམ་པ་པོ། གནམ་རུ་རིང་པ་དཔོན་ཚང་བཀའ་ཟུར་དཔལ་འབྱོར་ཚེ་རིང་།
༄། དཔེ་དེབ་འདིར་སྐུ་ངོ་དཔལ་འབྱོར་ཚེ་རིང་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་ཞིབ་ཕྲ་བྲིས་འདུག་པ་སྟེ། ཁོང་ཕྱི་ལོ་ ༡༩༤༨ ལོར་བོད་དུ་སྐུ་འཁྲུངས་ནའང་། དགུང་ལོ་བཅུ་ཙམ་ལ་རྒྱ་དམར་གྱིས་བཙན་འཛུལ་བྱས་པས། ༡༩༥༩ ལོར་༸གོང་ས་མཆོག་གི་ཞབས་རྗེས་བསྙེགས་ཏེ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བར། རྒྱ་དམག་གིས་རྗེས་འདེད་ཀྱིས་སྲོག་ལ་ཉེན་ཁ་ཕྲད་ནའང་མཐར་ཁོང་གི་ནང་མི་དང་བཅས་པ་བལ་ཡུལ་ཕྱོགས་སུ་འབྱོར་ཐུབ་པ་བྱུང་། དེ་ལྟར་སྐུ་ངོ་ཁོང་གི་ཁྱིམ་ཚང་ལ་སྔ་རྗེས་སུ་བསམ་ཡུལ་ལས་འདས་པའི་གོད་ཆགས་དང་དཀའ་སྡུག་འདྲ་མིན་བྱུང་འདུག་ནའང་། རིག་གཞུང་བཟང་པོའི་བྱིན་རླབས་དང་དྲིན་ཅན་ཕ་མའི་སློབ་སྟོན་སོགས་ཀྱི་སྐྱབས་འོག་ནས། སྡུག་བསྔལ་དང་ལེན་གྱི་བཟོད་པས་དཀའ་སྡུག་ལ་བཙན་ཐབས་གདོང་བཟློག་གནང་འདུག རིམ་པས་ལས་དབང་ལ་འགྱུར་བ་ཕྱིན་ཏེ་ཕྱི་ལོ་ ༡༩༨༧ ལོར་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་ཤིང་། ༢༠༠༧ ལོར་འཕྲོད་བསྟེན་བཀའ་བློན་གྱི་ཐུགས་འགན་བཞེས་ཏེ་སྲི་ཞུ་རྣམ་དག་བསྒྲུབས་པའི་བར། མདོར་བསྡུས་ན་དཔེ་དེབ་འདིར་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་འཁོས་འབྱོར་ལྡན་པ་ཞིག་གིས་ཡོད་ཚད་བློས་བཏང་སྟེ་སྐྱབས་བཅོལ་ལ་ཕེབས་པའི་གནས་བབ་སྤྱི་དང་། དུས་འགྱུར་སྐབས་ཀྱི་གཞིས་བྱེས་བོད་མིའི་མགོ་ཐོག་གི་དཀའ་སྡུག་ལ་གདོང་ལེན་ཇི་ལྟར་གནང་བ། སྐུ་ངོ་ཁོང་བཙན་བྱོལ་དུ་འབྱོར་རྗེས་༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་རིམ་བཞིན་ཚད་མཐོའི་སློབ་སྦྱོང་གི་གོ་སྐབས་ཐོབ་སྟེ་སྤྱི་མི་ཚད་ལྡན་ཞིག་ཏུ་གྱུར་པ་དང་། སྐུ་ཚེ་གང་པོར་རང་གཞུང་ལ་སྲི་ཞུ་ལྷོད་མེད་བསྒྲུབས་ནས་གར་བཏང་གོ་ཆོད་ཀྱིས་མི་ཚེ་དོན་དང་ལྡན་པ་བསྐྱལ་བའི་ལོ་རྒྱུས་གཟི་བརྗིད་ལྡན་པ་ཞིག་བྲིས་འདུག
Comments
Post a Comment