Click on Book Cover for Book Preview
དེབ་གཟུགས། A5 Phamblet
དཔར་སྐྲུན་ལོ། JA(A)/2026/31
དཔར་གྲངས། 500 (LF/Sahra/11025)
ཤོག་གྲངས། 36
དེབ་གཟུགས། A5 Phamblet
དཔར་སྐྲུན་ལོ། JA(A)/2026/31
དཔར་གྲངས། 500 (LF/Sahra/11025)
ཤོག་གྲངས། 36
དེབཆུང་འདི་ནི་བོད་ཀྱི་བྲིས་གཟུགས་འདྲ་མིན་གྱི་དཔེ་མཚོན་ཕྱོགས་བསྡུས་བྱས་པའི་རྒྱུན་འཁྱེར་དེབ་ཆུང་ཞིག་ཡིན། དེབ་འདིའི་སྐོར་གྱི་གནད་དོན་གཙོ་བོ་ཁག་གཤམ་གསལ་ལྟར་ལགས་སོ།།
དམིགས་ཡུལ། དཔེ་ཀློག་རྒྱ་ཆེན་པོ་གནང་ཁོམ་མེད་པ་ཚོར་དམིགས་ཏེ། བོད་ཀྱི་ཡིག་གཟུགས་འཕེལ་རིམ་སྐོར་ལ་ཞིབ་འཇུག་གི་སྤྲོ་སྣང་ཅན་ཚོར་སྟབས་བདེའི་དཔྱད་གཞི་ཞིག་གི་ཚུལ་དུ་དཔར་བསྐྲུན་གནང་བ་ཞིག་ཡིན།
ནང་དོན། ཡིག་གཟུགས་ཀྱི་བྱུང་འཕེལ་དང་འབྲི་ཚུལ་གྱི་འགྱུར་འགྲོས་སོགས་ལོ་རྒྱུས་དཔྱད་བརྗོད་པ་དག་གི་གསུང་ཐོར་བུ་ཁག་གཞིར་བཞག་ཅིང༌། ཡིག་མཁན་མཁས་པའི་ཕྱག་སོར་ལས་ཐོན་པའི་ཡིག་གཟུགས་སྒྱུ་རྩལ་གྱི་རྒྱུ་ཆ་གང་མང་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་ཡོད།
དཀར་ཆག་གི་ཁྱབ་ཁོངས།
- ཐུ་མིའི་གོང་གི་བོད་ཡིག་སྟེ་སྟག་གཟིག་སྤུངས་ཡིག་དང་ཞང་ཞུང་སྨར་ཡིག་ (སྨར་ཆེན་དང་སྨར་ཆུང་) སྐོར།
- ཐོན་མི་སཾ་བྷོ་ཊའི་ཐོག་མའི་ཕྱག་བྲིས་སྦལ་ནག་བགྲད་འདྲ་མ་དང་། དེ་བཞིན་ལོ་རྒྱུས་ཐོག་གི་ཡིག་མཁན་ཆེན་པོ་བརྒྱད་ཀྱི་ཕྱག་རྒྱུན་ (སོ་ཕག་གཤིབ་འདྲ་མ། བྱ་ཕོ་འཇོལ་འདྲ་མ། ནས་སྔོན་ཕྱིང་དཀར་བཀྲམ་འདྲ་མ། མུ་ཏིག་སྟར་བརྒྱུས་མ། སྤུར་ནག་བགྲད་འདྲ་མ། ཉ་མོ་ཆུ་ནང་ཕྱུང་འདྲ་མ། སེང་གེ་གནམ་མཆོངས་འདྲ་མ་) སོགས་ཀྱི་ངོ་སྤྲོད་དང་དཔེ་རིས།
- དབུ་མེད་ (འབྲུ་མ་) ཀྱི་བྱུང་བ་དང་། ལྡན་ལུགས་ཀྱི་བྲིས་རྒྱུན། དུས་ཕྱིས་ཀྱི་ཚུགས་རིང་། ཚུགས་ཐུང་། འཁྱུག་ཡིག་སོགས་ཀྱི་སྐོར།
- མཛེས་རྩལ་ཡི་གེ་ཁག་སྟེ་གཟི་ཡིག་དང་། ལྷ་བབ་ཡི་གེ འབྲུ་ཚའི་བྱེ་བྲག་ཁག ཧོར་ཡིག་གསར་མ་སོགས།
- ཡིག་གསར་ཁག་སྟེ་འཕགས་པ་བློ་གྲོས་རྒྱལ་མཚན་གྱི་ཡིག་གསར། རྡོར་གདན་ཡིག་གསར། འགོས་ལོའི་ཡིག་གསར། ཆག་ལོའི་ཡིག་གསར། སྐྱོགས་ལོའི་ཡིག་གསར། ངོ་མཚར་ཡིག་གསར་སོགས།
- གཏེར་སྟོན་ཁག་གི་བརྡ་ཡིག་དང་གཏེར་ཡིག་ (དཔེར་ན་མཁའ་འགྲོའི་བརྡ་ཡིག རྡོ་རྗེ་གླིང་པའི་བརྡ་ཡིག ཨོ་རྒྱན་གླིང་པའི་བརྡ་ཡིག་སོགས་) དང་། ཡིག་མགོ་སྣ་ཚོགས། བོད་ཡིག་གི་བརྡ་རྟགས་ཁག
དཔར་སྐྲུན་པ། བོད་ཀྱི་དཔེ་མཛོད་ཁང་ (Library of Tibetan Works and Archives, Dharamshala, India) ནས་དཔར་དུ་བསྐྲུན་པ་ཞིག་ཡིན།
Comments
Post a Comment