བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག


Click on Book Cover for Book Preview
978-93-49244-83-2
དེབ་གཟུགས། 6.25 X 9.5
ཀུན་ཕན་དེབ་ཕྲེང་། 27
དཔར་སྐྲུན་ལོ། 2026  [JA(A)/2026/19]
དཔར་གྲངས། 300  [LF/SR]
ཤོག་གྲངས། 602
Rs.1530

ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་བརྩམས།

བོད་ཀྱི་སློབ་གསོའི་གནས་བབ་ཞིབ་འཇུག་ཅེས་པ་འདི་ནི་ནག་ཀྱཱ་བ་ཤ་བོ་ཚེ་རིང་གིས་མི་ལོ་ཉི་ཤུ་ཙམ་གྱི་རིང་སློབ་གསོའི་ཉམས་མྱོང་དང་། ཕྱི་ནང་གི་སློབ་གསོའི་ལྟ་གྲུབ་སྨྲ་བའི་མཁན་པོ་དག་གི་བཞེད་དགོངས། སྔོན་ཐོན་གྱི་རྒྱལ་ཁབ་མང་པོོའི་སློབ་གསོའི་ལག་ལེན་དང་འབྲེལ་བའི་ཉམས་ཞིབ་གཞི་རྩར་བཟུང་སྟེ། བོད་རང་གི་སློབ་གསོའི་མ་ལག་སོ་སོའི་གནད་དོན་ཇི་སྙེད་ཐེར་འདོན་བྱས་ཏེ་བརྩམས་འདུག །

གཞན་ཡང་སློབ་གསོ་དོ་དམ་པ་ཞིག་ལ་མཁོ་བའི་ཚད་གཞི་དང་། བོད་ཀྱི་སློབ་གསོའི་ཁ་ཕྱོགས་བཅོས་བསྒྱུར་བྱ་དགོས་མིན། མི་རིགས་སློབ་གསོ་ལ་མེད་དུ་མི་རུང་བའི་ཆ་རྐྱེན། བོད་ཀྱི་སྐད་གཉིས་སློབ་གསོ། དགོན་སྡེའི་སློབ་གསོའི་ཕན་ནུས། བོད་ཀྱི་སེམས་ཁམས་སློབ་གསོ། ཁྱིམ་ལས་ཀྱི་སློབ་གསོའི་རིན་ཐང་སོགས་སྣ་མང་ཅན་གྱི་སློབ་གསོའི་དཔེ་དེབ་ཞིག་རེད།

Comments

Comments

Post a Comment