Click on Book Cover for Book Preview
978-93-49244-33-7
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 60
དཔར་སྐྲུན་ལོ། 2026 [JA(A)/2026/31]
དཔར་གྲངས། 300 [LF/SR]
ཤོག་གྲངས། 250
Rs. 480
འབུམ་རམས་པ་ཨ་བུ་བ་ཀར་ཨ་མིར་ཨུ་དིན་ནཊ་ཝིས་བརྩམས།
ཨ་ཙཱརྱ་བསྟན་འཛིན་བསྟན་སྐྱོང་གིས་བསྒྱུར།
༄། དཔེ་དེབ་འདིའི་ནང་དུ་བོད་ཀྱི་སྣོད་བཅུད་ངོ་སྤྲོད་དང་། བོད་ཅེས་པའི་མིང་གི་འབྱུང་ཁུངས། བོད་མི་རིགས་འདི་ཐོག་མར་གང་ནས་མཆེད་པ། བོད་རང་གི་ཐུན་མོང་མ་ཡིན་པའི་ཐོན་སྐྱེད་དང་ཆས་གོས་ཟས་རིགས། ནང་ཆོས་ཇི་ལྟར་དར་འཕེལ་བྱུང་བ། བོད་ཀྱི་རྩ་ཆེའི་ཚོང་ཟོག་གཙོ་བོ་གང་ཡིན་སོགས་མདོར་ན་ཡོངས་གྲགས་དང་ཡོངས་གྲགས་མ་ཡིན་པའི་གནས་ཚུལ་གལ་ཆེན་མང་པོ་ཞིག་བྲིས་ཏེ། བརྗོད་བྱ་གཙོ་བོ་ནི། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ཁ་ཆེའི་ཆོས་ལུགས་ཐོག་མར་ཇི་ལྟར་དར་ཚུལ་དང་ཁ་ཆེའི་ཆོས་རིག་གོམས་སྲོལ་ལ་སོགས་པའི་ཐུན་མིན་གྱི་ཁྱད་ཆོས། ༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་རྗེ་དང་གུ་ཡངས་ཀྱི་སྲིད་བྱུས་འོག་ནས་ཁ་ཆེའི་ཆོས་ལུགས་དར་རྒྱས་བྱུང་ལུགས། བོད་རིགས་ཁ་ཆེ་མང་ཆེ་བ་གཞུང་དགའ་ལྡན་ཕོ་བྲང་དབུ་བརྙེས་པའི་སྐབས་སུ་བོད་དུ་གཞིས་ཆགས་ཏེ་༸རྒྱལ་དབང་ལྔ་པས་ཁོ་ཚོར་དམིགས་བསལ་གནང་བ་སོགས་ཀྱིས། བརྒྱ་ཆ་དགུ་བཅུ་ནང་པ་ཡིན་པའི་རྒྱལ་ཁབ་ཅིག་ཏུ་ཆོས་ལུགས་ཕན་ཚུན་ལ་བརྩི་མཐོང་གོང་བཀུར་དང་བདེ་སྐྱིད་ཕུན་སུམ་ཚོགས་པའི་སྒོ་ནས་མཉམ་གནས་བྱུང་བའི་གནས་ཚུལ་སོགས་བྲིས་འདུག
Comments
Post a Comment