Click on Book Cover for Book Preview
2454-5066
དེབ་གཟུགས། 6.25 X 9.5
གཏམ་ཚོགས། 2026 Vol 1
དཔར་སྐྲུན་ལོ། 2026 [JA(A)/2026/10]
དཔར་གྲངས། 300 [LF/VE]
ཤོག་གྲངས། 152
Rs.150
དཔེ་དེབ་འདི་ནི་བོད་ཀྱི་དཔེ་མཛོད་ཁང་ནས་ཕྱི་ལོ་ ༢༠༢༦ ལོར་ཐོག་མར་དཔར་སྐྲུན་ཞུས་པའི་དུས་དེབ་ <<གཏམ་ཚོགས་>> (སྤྱིའི་འདོན་ཐེངས་ ༦༩ པ།) ཕྱི་ལོ་ ༢༠༢༦ ལོའི་དེབ་དང་པོ་དེ་ཡིན། དུས་དེབ་འདིའི་སྤྱི་ཁྱབ་རྩོམ་སྒྲིག་པ་ངེས་དོན་རྒྱ་མཚོ་དང་། རྩོམ་སྒྲིག་པ་གཞོན་པ་བློ་བཟང་ཡར་འཕེལ་ཡིན། དུས་དེབ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩིའི་སླད་དུ་ཆེད་དུ་དཔར་སྐྲུན་ཞུས་པ་ཞིག་ཡིན།
བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་རིག་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་འཛུགས་སྐྲུན། གོམས་གཤིས་སོགས་བོད་དང་བོད་རིགས་སུ་གཏོགས་པའི་མང་ཚོགས་ནང་གོ་རྟོགས་ཁྱབ་སྤེལ་ཡོང་ཆེད་དུས་དེབ་འདི་འདོན་སྤེལ་གནང་གི་ཡོད།
དཔེ་དེབ་འདིའི་ནང་བཞུགས་པའི་དཔྱད་རྩོམ་ཁག་དང་རྩོམ་པ་པོའི་མཚན་བྱང་གཤམ་གསལ་ལྟར་ཡིན།
བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ཆོས་རིག་དང་། ལོ་རྒྱུས། སྤྱི་ཚོགས་ཀྱི་འཛུགས་སྐྲུན། གོམས་གཤིས་སོགས་བོད་དང་བོད་རིགས་སུ་གཏོགས་པའི་མང་ཚོགས་ནང་གོ་རྟོགས་ཁྱབ་སྤེལ་ཡོང་ཆེད་དུས་དེབ་འདི་འདོན་སྤེལ་གནང་གི་ཡོད།
དཔེ་དེབ་འདིའི་ནང་བཞུགས་པའི་དཔྱད་རྩོམ་ཁག་དང་རྩོམ་པ་པོའི་མཚན་བྱང་གཤམ་གསལ་ལྟར་ཡིན།
- དཔྱད་རྩོམ། གུ་ཤྲཱི་ཁང་གིས་ནུབ་ལ་དྭགས་ནས་ཤར་དར་རྩེ་མདོ་ཚུན་ལྔ་པ་ཆེན་པོར་ཕུལ་ཡོད་མེད། རྩོམ་པ་པོ། ཆབ་མདོ་ཤེས་རབ།
- དཔྱད་རྩོམ། མིང་ལེའི་སྒྲ་སྒྲུབ་ཚན་པ་གསུམ་པ། རྩོམ་པ་པོ། ན་ག་སངས་རྒྱས་བསྟན་དར།
- དཔྱད་རྩོམ། པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་རླབས་ཆེན་གྱི་མཛད་འཕྲིན་སྐོར་ལ་དཔྱད་པ། རྩོམ་པ་པོ། བསྟན་འཛིན་དར་ལྡན།
- དཔྱད་རྩོམ། པཱ་ལི་དང་ལེགས་སྦྱར་གྱི་ཆོས་བརྒྱུད་འཛིན་པ་གཉིས་ཀྱིས་སྟོན་པའི་བཀའ་བསྡུ་ཚུལ་ལ་དཔྱད་པ། རྩོམ་པ་པོ། བློ་བཟང་རྡོ་རྗེ་རབ་གླིང་།
- དཔྱད་རྩོམ། ཡུལ་སྐད་ཞིབ་འཇུག་གི་དམིགས་ཡུལ་དང་དེའི་འཕེལ་རིམ་ལ་རགས་ཙམ་དཔྱད་པ། རྩོམ་པ་པོ། ཐུབ་རྒྱལ་མཚོ་མོ།
- དཔྱད་རྩོམ། སྤྱི་ཚོགས་མེ་ལོང་གསར་ཤོག་གི་སྤྱིའི་དཔལ་འབྱོར་འདུ་འགོད་ལ་དབྱེ་ཞིབ་རོབ་ཙམ། རྩོམ་པ་པོ། འོད་ཟེར་སྐྱིད།
- དཔྱད་རྩོམ། དབུ་མ་ལ་འཇུག་པའི་འགྲེལ་བཤད་ཅེས་པའི་བསྟན་བཅོས་དང་མི་ཉག་གི་རྒྱལ་ས། རྩོམ་པ་པོ། དགེ་འདུན་རབ་གསལ།
- དཔྱད་རྩོམ། བོད་མི་རིགས་ཀྱི་ཕུགས་འདུན་ངོ་མ་གང་ཡིན་ནམ། རྩོམ་པ་པོ། ཨ་ཚུལ་ཁྲིམས།
- དཔྱད་རྩོམ། ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི་རྡོ་རྗེ་མཆོག་གི་མཛད་རྣམ་སྙིང་བསྡུས། རྩོམ་པ་པོ། ག་རྒྱ་ཆོས་སྐྱིད།
- དཔྱད་རྩོམ། མཛོད་འགྲེལ་མངོན་པའི་རྒྱན་གྱི་རྩོམ་པ་པོ་སུ་ཡིན་ལ་དཔྱད་པ། རྩོམ་པ་པོ། བསྟན་འཛིན་རྡོ་རྗེ།
Comments
Post a Comment