མདོ་ཁམས་སྦྲ་སོག་འབྲི་གསུམ་གྱི་ལོ་རྒྱུས་དང་རིག་གནས་ཕྱོགས་བསྒྲིགས། སྟོད་ཆ།


Click on Book Cover for Book Preview
978-93-49244-37-5
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 100
དཔར་སྐྲུན་ལོ། 2026  [JA(A)/2026/01]
དཔར་གྲངས། 500  [AF#3044/VE]
ཤོག་གྲངས། 388
Rs.480

༄། དཔེ་དེབ་འདིར་སྦྲ་སོག་འབྲི་གསུམ་གྱི་ལོ་རྒྱུས་སྤྱི་དང་། ཁྱབ་ཁོངས་སོ་སོའི་བྱུང་རབས། དགོན་སྡེ་དང་རི་ཁྲོད་ཁག་གི་ལོ་རྒྱུས། ཡུལ་ལུང་དེ་དག་གི་ཁྱད་ཆོས་དང་འཚོ་ཐབས། དམངས་ཁྲོད་རིག་གནས། སྲོལ་རྒྱུན་ཆས་གོས། ད་ལྟའི་སྲིད་འཛིན་ཁྱབ་ཁོངས་ཀྱི་གནས་བབ་སོགས་གལ་ཆེའི་རང་བཞིན་མི་ཉུང་བ་ཞིག་བྲིས་འདུག་པར་མ་ཟད། ལུང་པ་རེ་ལ་ཆ་ལུགས་རེ་ཟེར་བའི་དཔེ་ལྟར། ཡུལ་ལུང་དེ་དག་གི་གཉེན་སྒྲིག་གོམས་སྲོལ་དང་ཆང་བཤད། གླུ་དང་ཤགས། ས་བབ་ཐོན་ཁུངས། གཡང་གི་ར་བ་སྒོ་བཞིའི་སྐོར་གྱི་རྒྱུན་ཤེས་སོགས་དེང་སྐབས་ཉམས་ལ་ཉེ་བའི་རིག་གཞུང་གི་ཆ་ཤས་མི་ཉུང་བ་ཞིག་གཅེས་བཏུས་བྱས་ཏེ། ཕ་མེས་ཡང་མེས་ཚོའི་རྣམ་དཔྱོད་དང་ཉམས་མྱོང་གི་མངལ་ནས་འཁྲུངས་པའི་ཉིང་བཅུད་རྣམས་དཔེ་དེབ་སྟོད་སྨད་གཉིས་སུ་བསྒྲིགས་འདུག་པ་འདི་ནི། སྦྲ་སོག་འབྲི་གསུམ་གྱི་ལོ་རྒྱུས་དང་ཡུལ་སྲོལ་ལ་ཕྱི་མིག་ལྟ་སའི་སྒེའུ་ཁུང་ཡངས་པོ་ཞིག་ཕྱེས་འདུག་པ་དང་ཀུན་ནས་མཚུངས་སོ་སྙམ།

Comments

Comments

Post a Comment