ནང་ཆོོས་ཀྱིི་སྙིིང་པོོ་སློོབ་ཐབས།


Click on Book Cover for Book Preview
978-93-49244-91-7
དེབ་གཟུགས། 6.25 X 9.5
ནང་ཆོས་དེབ་ཕྲེང་། 59
དཔར་སྐྲུན་ལོ། 205  [JA(A)/2025/54]
དཔར་གྲངས། 700  [AF/SR]
ཤོག་གྲངས། 250
Rs.690

རྩོམ་པ་པོ། སེར་བྱེས་དགེ་བཤེས་ལྷ་རམས་པ་བྱམས་པ་སྐལ་བཟང་།

༄༅། །དེབ་འདི་ནི་གཙོ་བོ་ནང་ཆོས་ལ་དོན་གཉེར་ཆེ་བའི་སྐྱ་བོའི་རྟེན་ཅན་མི་ཚེ་སློབ་གཉེར་ལ་བསྟིམ་རྒྱུའི་ཁོམ་ལོང་མེད་པ་ཚོར། བོད་ཀྱི་ནང་བསྟན་གཞུང་ལུགས་ལ་སློབ་སྦྱོང་བྱེད་ཐབས་སྟབས་བདེར་བསྐྲུན་པ་ཞིག་སྟེ། གྲྭ་པའི་སྤྱི་ཚོགས་ཀྱི་སློབ་སྦྱོང་གི་རིམ་པའམ་ཚེ་གང་སློབ་གསོ་ལྟ་བུའི་ངལ་བ་བསྟེན་མི་དགོས་པར་དུས་ཚོད་ལ་རྒྱས་བཅད་ཀྱིས། ནང་བསྟན་གྱི་སྙིང་པོ་ལོན་ཐབས་ལ་དམིགས་ཏེ་རྩོམ་སྒྲིག་བགྱིས་པའི་དཔེ་དེབ་ཅུང་དམིགས་བསལ་བ་ཞིག་རེད། ཐོག་མར་རྩོམ་པ་པོ་རང་ཉིད་ཀྱིས་ལོ་ངོ་དུ་མའི་རིང་ཁ་འཐོར་གྱི་སློབ་ཕྲུག་ཚོར་དྲྭ་ཐོག་ནས་སློབ་ཁྲིད་གནང་བའི་ཉམས་མྱོང་ལས་རྙེད་པའི་ཁྲིད་ཐབས་འགས་སྔོན་བསུས་ཤིང་། དེ་ནས་སངས་རྒྱས་ཀྱི་མཛད་རྣམ་དང་། རིག་ལམ་སྦྱོང་སྟངས། གྲུབ་མཐའི་འདོད་ཚུལ། སེམས་སེམས་བྱུང་གི་ངོ་སྤྲོད། ས་ལམ་གྱི་རྣམ་གཞག་སོགས་གཙོ་ཆེར་གཞིའི་རྣམ་གཞག་ནས་སྒྲོམ་བསླངས་ཏེ་ངོ་སྤྲོད་གནང་ཡོད་པར་མ་ཟད། དེ་ཚོའི་བོགས་འདོན་དུ་བརྗོད་བྱའི་ནང་དོན་དེ་དག་དང་འབྲེལ་ཆེ་བའི་རི་མོ་དང་བརྙན་རིས་སོགས་ཀྱིས་ལམ་སྟོན་བྱས་འདུག་པས་ཕན་ཐོགས་ཆེན་པོ་འོང་བའི་རེ་བ་ཞུ།

Comments

Comments

Post a Comment