Click on Book Cover for Book Preview
978-93-49244-43-6
དེབ་གཟུགས། 5.25 X 5.5
རྒྱུན་འཁྱེར་དེབ་ཕྲེང་། 3
དཔར་སྐྲུན་ལོ། 2026 [JA(A)/2025/53]
དཔར་གྲངས། 500 [DL.F/SR]
ཤོག་གྲངས། 154
Rs.150
དེབ་འདིའི་མཚན་ལ་“ནང་ཆོས་ངོ་སྤྲོད་དང་སྒོམ་གྱི་ཉམས་ལེན།” (རྒྱུན་ཁྱེར་དེབ་ཆུང་། ༣) ཞེས་ཞུ་ཞིང་། འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་མཛད་པ་དང་། བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་ཞུས་པ་ཞིག་རེད། དེབ་འདིའི་ནང་དོན་གཙོ་བོ་ཁག་བསྡུས་ན་གཤམ་གསལ་ལྟར་རེད།
- དེབ་ཀྱི་བརྗོད་བྱ་སྤྱི། དེབ་ཆུང་འདིའི་ནང་དོན་དུམ་བུ་གཉིས་སུ་བགོས་ཡོད་པ་ལས། དུམ་བུ་གཉིས་པ་ནི་༸གོང་ས་མཆོག་གིས་ཕྱི་ལོ་ ༡༩༩༦ ལོར་ལྗགས་རྩོམ་གནང་བའི་དབྱིན་དེབ་ཅིག་མཁས་དབང་ན་ག་སངས་རྒྱས་བསྟན་དར་མཆོག་གིས་བོད་སྐད་དུ་བསྒྱུར་བ་ཞིག་རེད། འདིའི་ནང་ནང་ཆོས་སྤྱི་བྱེའི་ངོ་སྤྲོད་མདོར་བསྡུས་དང་། ལྷག་པར་དུ་ལས་དང་པོ་བ་ཚོར་དབང་ཐོབ་མི་དགོས་པར་གསང་སྔགས་ཉམས་སུ་ལེན་ཚུལ་སྟབས་བདེ་ཞིག་གསུངས་ཡོད།
- ནང་པའི་ཆོས་ཀྱི་ངོ་སྤྲོད། ཚེ་འདི་དང་ཕྱི་མ་གཉིས་ཀར་ཆོས་དགོས་པའི་རྒྱུ་མཚན་དང་། སྐྱེ་བ་སྔ་ཕྱི་གྲུབ་ཚུལ། འཛམ་གླིང་གི་ཆོས་ལུགས་འདྲ་མིན་ནང་ནས་ནང་ཆོས་དང་དེའི་སྟོན་པ་ཤཱཀྱ་ཐུབ་པའི་སྐོར། བོད་དུ་ནང་ཆོས་ཇི་ལྟར་དར་བའི་ཚུལ་བཅས་འཁོད་ཡོད།
- གཞི་རིམ་གྱི་ལྟ་གྲུབ། ནང་ཆོས་ཀྱི་རྨང་གཞི་འཕགས་པའི་བདེན་པ་བཞི་ (སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ) དང་། བདེན་པ་གཉིས་ (ཀུན་རྫོབ་དང་དོན་དམ)། ལས་ཀྱི་རྣམ་གཞག འཁོར་བའི་ཚུལ་དང་ཐར་པའི་ངོ་བོ། ཐེག་པ་ཆེ་ཆུང་གི་ཁྱད་པར་བཅས་གོ་བདེའི་ཚུལ་དུ་གསལ་བཤད་གནང་ཡོད།
- བསླབ་པ་གསུམ་གྱི་ཉམས་ལེན། སྐྱབས་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་དང་། མི་དགེ་བ་བཅུ་སྤོང་གི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ཞི་གནས་དང་སེམས་གནས་དགུ་སྒོམ་ཚུལ་གྱི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། སྟོང་པ་ཉིད་དང་ལྷག་མཐོང་རྟོགས་པའི་ལྷག་པ་ཤེས་རབ་ཀྱི་བསླབ་པ། བྱང་ཆུབ་ཀྱི་སེམས་བསྐྱེད་ཚུལ་བཅས་རྒྱས་པར་བཤད་ཡོད།
- གསང་སྔགས་ཀྱི་སྒོམ་སྒྲུབ་ཉམས་ལེན། ལས་དང་པོ་བ་རྣམས་ཀྱི་ཆེད་དུ་ཐུན་གྱི་སྟ་གོན་དང་མཆོད་པ་གཤོམ་ཚུལ། སྒོམ་གྱི་སྔོན་འགྲོ། དམིགས་རྣམ་སྐྱོང་སྟངས། ཡན་ལག་བདུན་པ་འབུལ་ཚུལ། སྔགས་བཟླ་ཚུལ་ (ཐུབ་པ། སྤྱན་རས་གཟིགས། འཇམ་དབྱངས། ཕྱག་རྡོར། སྒྲོལ་མའི་སྔགས) དང་། མཐར་ཉིན་རེའི་བྱ་བའི་ཁྲོད་སྒོམ་གྱི་ཉམས་ལེན་དང་འདྲེས་སྦྱོར་བྱེད་སྟངས་བཅས་ལག་ལེན་གྱི་རིམ་པ་ཆ་ཚང་ཞིག་བསྟན་ཡོད།
Comments
Post a Comment