སེམས་དང་བེམ་པོ།


Click on Book Cover for Book Preview
978-93-49244-07-8
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 25
དཔར་སྐྲུན་ལོ། 2025  [JA(A)/2025/50]
དཔར་གྲངས། 300  [AF/SR]
ཤོག་གྲངས། 154
Rs.300

༄༅། །དཔེ་དེབ་འདི་ནི་ཕྱི་ལོ་ ༢༠༠༩ ལོར་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་འཛམ་གླིང་ཤར་ནུབ་གང་ས་ནས་ཕེབས་པའི་ཚན་རིག་པ་དང་། ནང་པའི་དགེ་བཤེས་མཁན་པོ་སོགས་མཁས་དབང་མང་པོ་མཉམ་འཛོམས་ཀྱིས་རྒྱལ་སྤྱི་རང་བཞིན་ལྡན་པའི་བགྲོ་གླེང་ཞིག་འཚོགས་ཤིང་། བགྲོ་གླེང་དེའི་བརྗོད་གཞི་གཙོ་བོ་ནི་ནང་ཆོས་དང་ཚན་རིག་སྐོར་ཡིན་པས་ན། སྐབས་དེར་བགྲོ་གླེང་དུ་ཕེབས་པའི་མཁས་པ་རྣམས་ཀྱིས་མཛད་པའི་ཞིབ་འཇུག་དཔྱད་རྩོམ་གྱི་ཁྲོད་ནས། བོད་བརྒྱུད་ནང་བསྟན་ལ་རྒྱུས་མངའ་ཧ་ཅང་ཟབ་པའི་མཁས་དབང་ཨེ་ལན་ཝེ་ལེ་སེའི་དཔྱད་རྩོམ་ནང་ཆོས་དང་ཚན་རིག་ཅེས་པ་དང་། ཚད་རྡུལ་དངོས་ཁམས་རིག་པའི་ཆེད་མཁས་པ་མེ་ཤེལ་བྷི་བྷོལ་གྱི་དཔྱད་རྩོམ་རྟེན་འབྲེལ་དང་ཚད་རྡུལ་འཛིངས་འཁྲིལ། དེ་བཞིན་དུ་དངོས་ཁམས་ཚན་རིག་པ་དང་རྩོམ་པ་པོ་གྲགས་ཅན་པཱ་ཐཱ་གྷོ་སེའི་དཔྱད་རྩོམ་སེམས་དང་བེམ་པོ། སེམས་ཁམས་རིག་པ་བ་དང་ཡུལ་རྟོགས་ཚན་རིག་མཁས་ཆེན་རྗལ་གྷལ་ཧྥི་ཌིའི་དཔྱད་རྩོམ་ནང་ཆོས་དང་ཡུལ་རྟོགས་ཚན་རིག་བཅས་བོད་སྒྱུར་བྱས་པ་ཞིག་གོ།

Comments

Comments

Post a Comment