Click on Book Cover for Book Preview
978-93-49244-22-1
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 54
དཔར་སྐྲུན་ལོ། 2025 [JA(A)/2025/49]
དཔར་གྲངས། 300 [LF/SR]
ཤོག་གྲངས། 134
Rs.300
༄༅། །འགྲེལ་པ་འདིའི་དབུར། ཚད་ཇི་ཙམ་ཞིག་ཅེ་ན། རྒྱལ་པོ་ནི་བྱ་བ་མང་བས་གཞུང་མང་པོ་འཛིན་པར་མི་ནུས་པས། དེའི་ཕྱིར་ཚིག་མང་པོའི་ཉེས་པ་སྤངས་ཏེ་ཅུང་ཟད་ཅིག་བསྡེབས་སོ། །ཞེས་འཇིག་རྟེན་གྱི་བྱ་བ་མང་བ་དང་དོན་མང་བ་ཚོས་གཞུང་ཆེན་པོར་སློབ་སྦྱོང་བྱེད་ཁོམ་མེད་པས། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རྒྱལ་པོ་བདེ་སྤྱོད་ཀྱིས་གཙོས་ཆོས་ཀྱི་ཉིང་ཁུ་འཐུང་བར་འདོད་ཀྱང་བྲེལ་ཟིང་གི་ཁྲོད་ན་དུས་འདའ་བའི་ཡིད་ཅན་དག་ལ་དམིགས་ཏེ་ཆེད་དུ་གསུངས་པ་ལྟར། འགྲེལ་པ་འདིར་ཡང་རྩ་ཚིག་གི་རྩོམ་འགྲོས་ལྟར་སྤྲོས་བཤད་ཀྱིས་རྒྱ་མ་བསྐྱེད་པར་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་གསུངས་ཡོད་སྟབས། ཆོས་སྲིད་གཉིས་ཐད་ནས་བླང་དོར་གྱི་བློ་མིག་འབྱེད་པའི་ལྡེ་མིག་ཅིག་ཏུ་གྲུབ་ཡོད།
མདོར་ན་འགྲེལ་པ་འདི་ནི་ཚེ་ཕྱི་མ་དོན་གཉེར་གྱི་ལྷ་ཆོས་ཁོ་ནའི་དབང་དུ་བྱས་པ་ཞིག་གམ། ཡང་ན་ཚེ་འདི་ཁོ་ན་དོན་དུ་གཉེར་བའི་མི་ཆོས་རྐྱང་པའི་དབང་དུ་བྱས་པ་ལྟ་བུ་ཞིག་མ་ཡིན་པར། ལྷ་ཆོས་དང་མི་ཆོས། འདི་དང་ཕྱི་མ། རང་དོན་དང་གཞན་དོན། སྤྱི་དང་སྒེར་སོགས་མདོར་ན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པའི་ལུས་ཅན་ཡོངས་ལ། འཕྲལ་བདེ་ཕུགས་སྐྱིད་ཀྱི་ཐབས་ཚུལ་སྟོན་པའི་བསླབ་བྱ་གསེར་སྲང་བྱེ་བ་རི་བའི་གཞུང་མཆོག་ཅིག་ཡིན་ནོ།།
Comments
Post a Comment