Click on Book Cover for Book Preview
978-93-49244-18-4
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 2
དཔར་སྐྲུན་ལོ། 2025 [JA(A)/2025/45]
དཔར་གྲངས། 300 [AF/VE]
ཤོག་གྲངས། 328
Rs.600
༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅུ་དྲུག་པ་འདི་ནི་སློབ་དཔོན་དབྱུག་པ་ཅན་གྱི་མེ་ལོང་མའི་ལེའུ་དང་གཉིས་ཀྱི་གསར་འགྲེལ་ཤོང་དཔང་ཞལ་ལུང་མེ་ལོང་རྣམ་བཤད་ཅེས་རིན་པོ་ཆེ་མཆོག་ནས་ཤོང་དཔང་ཚད་དུ་བཟུང་སྟེ་བརྩམས་པ་ཞིག་ཡིན། ཆོས་རྗེ་མི་ཕམ་རིན་པོ་ཆེས་ཀྱང་། བོད་ཀྱི་འགྲེལ་པ་ཀུན་གྱི་ཐོག་མ་འཕགས་ཡུལ་བའི་གསུང་སྒྲོས་བསྡུས་ནས་བཀོད་པ་དཔང་ལོ་ཙཱ་བའི་(༡༢༧༦-༡༣༤༢)འགྲེལ་པ་ཡིན་ཅིང་། ཞེས་དང་། མེ་ལོང་མའི་རྩ་བ་བོད་འགྱུར་བྱེད་པོ་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་(༡༢༤༠ ལོར་འཁྲུངས་)ཡིན་པར་བརྟེན་ཤོང་དཔང་རྣམ་གཉིས་ནི་བོད་སྐད་ནང་མེ་ལོང་མའི་རྩ་འགྲེལ་ཁུངས་གཏུགས་ཡུལ་ཉག་གཅིག་ཏུ་གྱུར་ཡོད། དེས་ན་གཞུང་འདི་ཉིད་ནི་དེ་སྔོན་གྱི་སྙན་འགྲེལ་རྣམས་ལས་འགྲེལ་ཚུལ་ཁྱད་དུ་ཞུགས་པ་ཞིག་ཏུ་མཐོང་བས་རིག་གཞུང་དོན་གཉེར་བ་རྣམས་ལ་གཅིག་ཏུ་མཁོ་བའི་སྙན་འགྲེལ་ཞིག་ཡིན་ནོ། །
Comments
Post a Comment