དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ།


Click on Book Cover for Book Preview
978-93-49244-09-2
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 15
དཔར་སྐྲུན་ལོ། 2025  [JA(A)/2025/45]
དཔར་གྲངས། 300  [AF/VE]
ཤོག་གྲངས། 360
Rs.630

༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅོ་ལྔ་པ་འདི་ནི། ལྷ་བླ་མ་ཡེ་ཤེས་འོད་དང་། ཇོ་བོ་ཡབ་སྲས། དགེ་བཤེས་པོ་ཏོ་བ་ཆེན་པོ་བཅས་ཀྱི་སྐོར་དང་། དེ་བཞིན་དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་རྙིང་གསལ་བཀྲོལ་དང་། པོ་ཏོ་བ་རང་ཉིད་ཀྱིས་མཛད་པའི་དཔེ་ཆོས་རྩ་བ། ལུང་སྟོན་པ་ལ་འཇུག་པའི་སྒོ་བཅས་ཆོས་ཚན་མི་འདྲ་བ་འགས་གྲུབ་པའི་གླེགས་བམ་ཆེན་པོ་ཞིག་ཡིན་ཞིང་། དེ་དག་ལས་བརྗོད་བྱའི་གཙོ་བོ་ནི། ལྕེ་སྒོམ་པ་ཤེས་རབ་རྡོ་རྗེས་མཛད་པའི་དཔེ་ཆོས་རིན་ཆེན་སྤུངས་པའི་འབུམ་འགྲེལ་ (དཔེ་རིང་ཤོག་ངོས་ལྔ་བརྒྱ་སོ་བརྒྱད་ཡོད་པ་ཅན་) དེ་ཉིད་གཞིར་བཞག་སྟེ་དེའི་དོན་བསྡུས་སམ་མཆན་འགྲེལ་ལྟ་བུར། ཁ་གསལ་དང་གོ་བདེའི་ལམ་ནས་བརྡ་རྙིང་གོ་དཀའ་བ་ཁག་དུས་རབས་དང་འཚམ་པའི་རང་སྐད་ཀྱིས་བརྡ་ལེགས་པར་བཀྲོལ་ཡོད་ལ། ས་བཅད་གསར་སྣོན་དང་ཤོ་ལོ་ཀའི་གྲངས་བཅས་བཀོད་དེ་སྟབས་བདེ་བསྐྲུན་ཡོད་པས། སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་མཛད་པའི་གླེགས་བམ་མཇལ་བའི་ལྡེ་མིག་ངོ་མ་ཞིག་ཏུ་གྲུབ་འདུག་པ་འདི་དང་། ལུང་སྟོན་པ་ལ་འཇུག་པའི་སྒོ་ཞེས་པའི་འགོ་བརྗོད་འོག་སུམ་རྟགས་གཉིས་ཀྱི་དོན་ཆ་ཚང་བ་བཀྲལ་ཏེ་དག་ཆ་གཅིག་གྱུར་ཡོང་ཐབས་ལ་རང་ལུགས་ལྡན་པའི་དགོངས་ཚུལ་གྱ་ནོམ་པ་གནང་འདུག་པ་བཅས་འདི་དག་གོ །

Comments

Comments

Post a Comment