Click on Book Cover for Book Preview
978-93-49244-12-2
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 14
དཔར་སྐྲུན་ལོ། 2025 [JA(A)/2025/45]
དཔར་གྲངས། 300 [AF/VE]
ཤོག་གྲངས། 248
Rs.480
༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅུ་བཞི་པ་སྒྲུང་གཏམ་ཕྱོགས་བཏུས་འདི་ནི་བྱིས་སྒྲུང་གི་རྣམ་པར་བྲིས་པ་གཙོ་ཆེ་བ་ཞིག་སྟེ། སྒྲུང་གི་ནང་དོན་གྱི་ཆ་ནས་ཀྱང་ཕལ་ཆེ་བ་རོ་སྒྲུང་གི་འགྲོས་ལྟར་བྲིས་པ་ཞིག་རེད། འདིར་འཁོད་རོ་སྒྲུང་དང་མ་འབྲེལ་བའི་སྒྲུང་གཏམ་རྣམས་ཀྱང་ཆོས་ཕྱོགས་ཀྱི་བརྗོད་དོན་རྒྱུག་ཆེ་བ་ཁག་དང་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དང་སྦྱར་ནས་ཀྱང་བྲིས་གནང་འདུག །ཁོང་གིས་ཚིག་སྦྱོར་འདི་ལྟ་བུའི་ཐོག་ནས་རྩོམ་འབྲི་གནང་དགོས་དོན་ནི། བོད་ཀྱི་བྱིས་པ་རྣམས་ཀྱིས་རང་མི་རིགས་ཀྱི་འདུ་ཤེས་ལྡན་པའི་སྒྲུང་གཏམ་སྣ་ཚོགས་ལ་ལྟ་ཀློག་བྱེད་རྒྱུ་གལ་ཆེན་གཟིགས་ཏེ་བྲིས་གནང་བ་ཞིག་ཡིན། དེས་ན་སྒྲུང་གཏམ་འདི་དག་གི་བརྗོད་དོན་ཕལ་ཆེ་བ་ལས་འབྲས་ཀྱི་རྣམ་གཞག་དང་སྦྱར་ནས་བསླབ་བྱ་གོ་བསྐོན་གྱི་ཚུལ་དུ་བྲིས་པ་ཤ་སྟག་གོ །
Comments
Post a Comment