Click on Book Cover for Book Preview
978-93-49244-28-3
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 11
དཔར་སྐྲུན་ལོ། JA(A)/2025/45
དཔར་གྲངས། 300 (AF/VeeEnn/57951)
ཤོག་གྲངས། 312
Rs.570
༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བཅུ་གཅིག་པ་སྙན་རྩོམ་ཕྱོགས་བཏུས་ཀྱི་དཔེ་དེབ་འདི་ནི་གཙོ་བོ་ཚིགས་བཅད་སྙན་ངག་གི་སྐོར་ཡིན། དེའང་འདིར་འཁོད་སྙན་ངག་དག་ནི་སྲོལ་རྒྱུན་གྱི་རྩོམ་འགྲོས་གཙིགས་སུ་བཟུང་བའི་སྙན་རྩོམ་ཤ་སྟག་ཡིན་ཞིང་། འདི་དག་གི་བརྗོད་དོན་ཕལ་ཆེ་བ་ནང་ཆོས་ཀྱི་ཐོག་ནས་བསླབ་བྱ་གནང་བ་དང་སྐྱེས་ཆེན་དམ་པ་རྣམས་ལ་བསྟོད་ཚིག་ཕུལ་བ་སོགས་ཀྱིས་གྲུབ་ཡོད་པ་ཞིག་སྟེ། མདོར་ན། ཁོང་གི་སྙན་རྩོམ་ཁག་ནི་བརྗོད་དོན་གྱི་ཆ་ནས་རང་མི་རིགས་ཀྱི་རིག་གཞུང་སྲོག་ཤིང་དུ་བཟུང་ཞིང་། རྗོད་བྱེད་ལ་ནི་གནའ་བོའི་སྙན་ངག་ཕུན་སུམ་ཚོགས་པ་དག་གི་འབྲི་ཐབས་ཀྱི་ཉམས་ཐོན་ཡོད་པ་སོགས་དམིགས་བསལ་གྱི་ཁྱད་ཆོས་མང་པོ་འཛོམས་པ་ཞིག་གོ །
Comments
Post a Comment