ཆབ་ཤོག་གཅེས་བཏུས།

Click on Book Cover for Book Preview
978-93-49244-06-1
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 9
དཔར་སྐྲུན་ལོ། JA(A)/2025/45
དཔར་གྲངས། 300 (AF/VeeEnn/49464)
ཤོག་གྲངས། 246
Rs.480



༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་དགུ་པ་འདིའི་ནང་དོན་གཙོ་བོ་ནི་གཏོང་ཡིག་འབའ་ཞིག་ཡིན་ལ། དེའང་གཏོང་ཡིག་ཅེས་པ་ནི་མི་དང་མིའི་བར་དུ་ཕན་ཚུན་ཡིག་ཐོག་ནས་བསམ་བློ་བརྗེ་རེས་དང་། སློབ་སྦྱོང་། ལས་དོན། འཚོ་བ་སོགས་ཀྱི་གནས་ཚུལ་བསྐུར་བའི་ཉེར་མཁོའི་ཡིག་རིགས་ཤིག་ལ་བརྗོད་དོ། །འདིར་གཏོང་ཡིག་སྣ་ཚོགས་ཡོད་པ་དག་ནི་གཙོ་བོ་རིས་སུ་མ་མཆིས་པའི་སྐྱེས་ཆེན་དམ་པ་མང་པོར་ཕུལ་བ་དང་། གཞན་ཡང་རང་གཞུང་ལས་ཀྱི་སྣེ་མོ་བས་མཚོན་ལས་བྱེད་དུ་མར་ཕུལ་བ། རིན་པོ་ཆེ་རང་གི་གཉེན་ཉེ་ལ་ཕུལ་བ་སོགས་གཏོང་ཡིག་སྣ་མང་གིས་གྲུབ་ཡོད། མ་ཟད་རྗོད་བྱེད་ཀྱི་ཚིག་ཉུང་ཞིང་སྙན་ལ་འཇེབས་པ་སོགས་བརྗོད་དོན་ཕུན་སུམ་ཚོགས་པ་བཅས་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་། དེས་ན་གཏོང་ཡིག་འབྲི་འདོད་དང་ཤེས་འདོད་ཅན་ཚོས་རིན་པོ་ཆེའི་དེབ་ཕྲེང་དགུ་པ་འདི་ལ་གཟིགས་ན་ཕན་ཐོགས་ཆེན་པོ་ཡོད།

Comments

Comments

Post a Comment