ལོ་རྒྱུས་ཕྱོགས་བཏུས། སྟོད་ཆ།


Click on Book Cover for Book Preview
978-93-49244-17-7
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 7
དཔར་སྐྲུན་ལོ། JA(A)/2025/45
དཔར་གྲངས། 300 (AF/VeeEnn/49995)
ཤོག་གྲངས། 252
Rs.480

༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་བདུན་པ་འདི་ནི་བོད་ཀྱི་རྒྱལ་ཐོག་རིམ་བྱོན་གྱི་ལོ་རྒྱུས་སྙིང་བསྡུས་བརྗོད་དོན་གྱི་གཙོ་བོར་བཟུང་བའི་བརྩམས་ཆོས་ཤིག་ཡིན་ལ། དེའང་བརྗོད་དོན་གྱི་རིམ་པ་རྣམས་ཁ་གསལ་ལ་གནད་བསྡུས་པའི་ཁྱད་ཆོས་ཅན་ཞིག་ཏུ་གྲུབ་འདུག །དེས་ན་རང་ཅག་རྣམས་ཀྱིས་རང་མི་རིགས་ཀྱི་ལོ་རྒྱུས་ཤེས་པའི་དགེ་མཚན་དང་མ་ཤེས་པའི་ཉེས་སྐྱོན་གང་ཡིན་མཁྱེན་དགོས་པ་ཤིན་ཏུ་ནས་གལ་ཆེ་བས་ན། རིན་པོ་ཆེའི་གསུང་དེབ་འདི་ལ་གཟིགས་ཚེ་རང་མི་རིགས་ཀྱི་ལོ་རྒྱུས་ལ་མིག་ཕྱེས་པ་ལྟ་བུའི་དགེ་མཚན་ཆེན་པོ་འདུག་སྙམ། མདོར་ན་བོད་ཀྱི་ལོ་རྒྱུས་ཕྱོགས་བཏུས་འདི་ནི་རང་མི་རིགས་ཀྱི་ལོ་རྒྱུས་བརྗོད་གཞིའི་གཙོ་བོར་བཟུང་ཐོག་རྗོད་བྱེད་ཚིག་གི་སྡེབ་སྦྱོར་ལེགས་ཤིང་བརྗོད་བྱ་སྟོན་ཚུལ་ཡང་ཕུན་སུམ་ཚོགས་པ་ཞིག་གོ །

Comments

Comments

Post a Comment