Click on Book Cover for Book Preview
978-93-49244-61-0
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 5
དཔར་སྐྲུན་ལོ། JA(A)/2025/45
དཔར་གྲངས། 300 (AF/VeeEnn/57420)
ཤོག་གྲངས། 306
Rs.570
༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་ལྔ་པ་འདིར་རྒྱལ་པོ་རཱ་མ་ཡཱ་ཎའི་གཏམ་རྒྱུད་བཀོད་ཡོད་པ་སྟེ། གཏམ་རྒྱུད་འདི་ནི་འཕགས་བོད་གཉིས་ཀྱིས་མཚོན་ཤར་ཕྱོགས་ཀྱི་ཡུལ་གྲུ་མང་པོར་གྲགས་པ་ཤིན་ཏུ་ཆེ། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་ཚེའི་སྨད་ཙམ་ནས་གཏམ་རྒྱུད་འདི་བོད་སྐད་དུ་བསྒྱུར་ཡོད་པ་ཏུན་ཧྭང་གི་ཡིག་རྙིང་ཤོག་དྲིལ་དུ་རྒྱས་ཙམ་འཁོད་འདུག་པ་སོགས་ལས་ཤེས་ནུས། འདི་ནི་རཱ་མ་ཡཱ་ཎའི་གཏམ་རྒྱུད་ཀྱི་མ་ཕྱི་གསར་རྙིང་ཁག་ཁ་ཤས་དང་། རྒྱ་བོད་ཀྱི་དཔེ་རྙིང་འགར་གཏུགས་ཏེ་དཔེ་བསྡུར་གྱིས་ཁ་ཇེ་གསལ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་གོ་བདེར་བྲིས་པ་ཞིག་རེད་འདུག
Comments
Post a Comment