བཀྲས་མཐོང་བའི་མི་རྒྱུད་།


Click on Book Cover for Book Preview
978-93-49244-98-6
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་། 2
དཔར་སྐྲུན་ལོ། JA(A)/2025/45
དཔར་གྲངས། 300 (AF/VeeEnn/41448)
ཤོག་གྲངས། 192
Rs.420

༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་གཉིས་པ་འདིའི་ནང་དུ་བོད་མི་ཞིག་གི་མི་ཚེའི་ཀྱག་ཀྱོག་གི་ལམ་བུ་དང་བོད་པའི་ཁྱིམ་ཚང་ཞིག་གི་དར་རྒུད། དེ་བཞིན་མི་རིགས་འདིའི་ཁྲོད་བྱུང་བའི་རྐྱེན་ངན་བར་ཆད་སོགས་དང་། བོད་མིའི་དབུ་ཁྲིད་དང་བོད་མི་སྤྱི་སྒེར་ཚང་མས་འབད་བརྩོན་ཞུས་པའི་འབྲས་བུ་བཅས་འཁོད་ཡོད། དེའང་རིན་པོ་ཆེ་མཆོག་སྡེ་དགེ་ལྕང་རྭར་སྐུ་འཁྲུངས་པ་དང་། དེ་ནས་རཀཿར་སྤྲུལ་སྐུར་ངོས་འཛིན་གནང་བ། གསན་བསམ་སློབ་གཉེར་དང་དགེ་བཤེས་ཀྱི་མཚན་རྟགས་བཞེས་པ། གཞན་ཡང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་ཏེ་བོད་ཀྱི་གཞིས་རྩེ་མཁའ་རག་བཀྲས་མཐོང་བའི་ཁྱིམ་རྒྱུད་ཀྱི་ཁུངས་འདི་ནི་གུ་གེ་ཁྱུང་རྫོང་ནས་བྲོས་ཡོང་བ་ཞིག་དང་། བཀྲས་མཐོང་བའི་མི་རྒྱུད་ཀྱིས་དགའ་ལྡན་ཕོ་བྲང་པའི་གཞུང་ཞབས་ཞུས་ཏེ་རྫོང་དཔོན་དང་ཆིབས་དཔོན། སྒར་དཔོན། མདའ་དཔོན། བཀའ་བློན་ལ་སོགས་པའི་ཐུགས་འགན་མི་འདྲ་བ་མང་པོ་བཞེས་མྱོང་བ་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད། ད་དུང་མི་རབས་གོང་མ་ཚོས་བོད་མི་རིགས་འདི་འཆི་གསོན་གྱི་གནས་སུ་གྱར་སྐབས་དཀའ་སྤྱད་འབད་བརྩོན་གྱི་ངང་ནས་སྐྱིད་སྡུག་མཉམ་མྱོང་གནང་བ་སོགས་བརྗེད་པར་དཀའ་བའི་ལོ་རྒྱུས་མང་པོ་ངོ་སྤྲོད་གནང་ཡོད།

Comments

Comments

Post a Comment