སྟོན་པའི་རྣམ་ཐར་དད་པའི་འཇུག་ངོགས།


Click on Book Cover for Book Preview
978-93-49244-71-9
དེབ་གཟུགས། 5.5 X 8.5
རཀཿར་རིན་པོ་ཆེའི་གསུང་རྩོམ་དེབ་ཕྲེང་།  1
དཔར་སྐྲུན་ལོ། JA(A)/2025/45
དཔར་གྲངས། 300 (AF/VeeEnn/40385)
ཤོག་གྲངས། 184
Rs.390

༄། །མཁས་དབང་རཀཿར་རིན་པོ་ཆེའི་གསུང་འབུམ་དེབ་ཕྲེང་དང་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་ཅུང་རྒྱས་པ་ཞིག་སྟེ། མཛད་པ་སོ་སོའི་རིམ་པ་རྣམས་གོ་བདེ་ཞིང་བློ་ལ་ངེས་སླ་བ་ཞིག་དང་། མཛད་རྣམ་མང་ཆེ་བ་འདུལ་བའི་གླེང་གཞི་ཆེན་མོ་སོགས་ནས་བཏུས་ཏེ་གོ་བདེར་བྲིས་པ་ཞིག་རེད། དེ་ཡང་རཀཿར་རིན་པོ་ཆེའི་ཞལ་ནས། རང་ངོས་ནས་སྟོན་པའི་མཛད་པ་གོ་བདེ་པོ་བྱས་ཏེ་འབྲི་དགོས་པའི་སྔོན་འགྲོའི་ཀུན་སློང་ནི། ནད་པ་ཟུངས་ཟད་དང༌། བུ་ཆུང་སྟོབས་མེད་ཚོའི་ལུས་སྟོབས་གསོ་ཆེད་དུ་བཟའ་བཅའ་དང་བཏུང་བ་ཡང་པོའི་རིགས་དགོས་པ་ཇི་བཞིན། ནང་སེམས་ཀྱི་ཡོན་ཏན་གྱི་སྟོབས་རྒྱས་ཐབས་ལའང་ན་གཞོན་ཚོའི་བློ་དང་འཚམ་ཞིང་བསམ་པའི་ནུས་པ་དང་མཐུན་པ་ཞིག་བྱུང་ན་ཕན་ཐོགས་ཨེ་ཡོང་བསམས། ཞེས་གསུངས་པ་ལྟར་བྱིས་པ་ལོ་ཆུང་རྣམས་ཀྱི་སེམས་ཁམས་ལ་གཞིགས་ཏེ་ཡོན་ཏན་སྦྱོང་འདོད་དང་ཆོས་ལ་སྤྲོ་བ་སྤེལ་ཐབས་སོགས་ཀྱི་ཆེད་དུ་བྲིས་པ་ཞིག་རེད་འདུག།

Comments

Comments

Post a Comment