Click on Book Cover for Book Preview
978-93-49244-31-3
དེབ་གཟུགས། 7 X 9
ལོ་རྒྱུས་དེབ་ཕྲེང་། 97
དཔར་སྐྲུན་ལོ། JA(A)/2025/43
དཔར་གྲངས། 500 (LF/Sahra/370650)
ཤོག་གྲངས། 692
Rs.2200
༈ བཀྲ་ཤིས་དབང་འདུས་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་ཟབ་མོ་བསྒྲུབ་རྒྱུ་དང་། བདེན་དོན། དྲང་བདེན། རང་དབང་བཅས་ཀྱི་སླད་བོད་མི་རིགས་ཀྱི་འཚེ་མེད་ཞི་བའི་འཐབ་རྩོད་ཁྲོད་སྐུ་ཚེ་ཧྲིལ་པོ་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་གིས་བོད་ནང་གི་རང་གི་སྐྱིད་པའི་བྱིས་དུས་ནས་འགོ་བཙུགས་ཏེ་མི་སེམས་འགུལ་བའི་ལོ་རྒྱུས་ཤིག་འགོ་བརྩམས་མོད་ཀྱི། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམག་གིས་བོད་ས་བཙན་འཕྲོག་བྱས་པའི་རྗེས་སྐལ་བཟང་གི་དུས་སྐབས་དེ་ཐལ་བའི་རྡུལ་དུ་བརླགས། དེ་ནས་རང་གི་ནང་མི་དང་མཉམ་དུ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལ་ཞབས་སོར་འཁོད་མ་ཐག་གསར་འཛུགས་གནང་བའི་སློབ་གྲྭ་དང་པོའི་ནང་ཐོག་མར་སློབ་ཕྲུག་གྲངས་ ༢༥ ཡོད་པའི་ཁོངས་ནས་གཅིག་ཡིན།
དེ་རྗེས་མི་ལོ་བཞི་བཅུའི་རིང་བོད་ཀྱི་རྩ་དོན་སླད་གཟེངས་སུ་ཐོན་པའི་སྲི་ཞུ་བསྒྲུབས་པ་དང་། དེ་ཡང་ཐོག་མར་ལས་བྱེད་དཀྱུས་མ་ནས་ཐེག་པ་རིམ་འཛེགས་ཀྱིས་ལྷན་ཁང་དྲུག་ཏུ་བཀའ་བློན་གྱི་མཛད་འགན་བཞེས་པ་དང་དུས་མཚུངས་ལྡི་ལི་དང་། ནེའུ་ཡོག །སྦར་སིལ་བཅས་ཀྱི་སྐུ་ཚབ་དོན་གཅོད་ཀྱང་གནང་ཡོད། ཁོང་གི་ཡིད་དབང་འཕྲོག་པའི་དངོས་མྱོང་ལོ་རྒྱུས་ཀྱི་ཕྱག་དེབ་འདིའི་ནང་། གསར་འཛུགས་ཞུས་མ་ཐག་པའི་བཙན་བྱོལ་བོད་གཞུང་གི་ཐོག་མའི་གནས་སྟངས་དང་། བོད་རྒྱ་ཞི་མོལ། རྒྱལ་སྤྱིའི་ནང་ནས་༸གོང་ས་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ངོས་འཛིན་གྱིས་ཆེ་མཐོང་དུ། འཛམ་གླིང་ཞི་བདེའི་གཟེངས་རྟགས་དང་། ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས། ཁེ་ན་ཌའི་ཆེ་བསྟོད་མི་སེར་གྱི་མཚན་གནས་ཕུལ་བ་སོགས་ཐེ་བའི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཁྲོད་ཀྱི་གལ་ཆེའི་བྱུང་བ་ཁག་ཞིབ་པར་གསལ།
Comments
Post a Comment