Click on Book Cover for Book Preview
978-93-49244-55-9
དེབ་གཟུགས། 5.5 X 8.5
ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་། 57
དཔར་སྐྲུན་ལོ། JA(A)/2025/38
དཔར་གྲངས། 700 (AF#2860/VeeEnn/98831)
ཤོག་གྲངས། 364
Rs.420
རྣམ་སྤེལ་ཚང་བློ་བཟང་སྦྱིན་པ།
༄༅། །ངག་རྒྱུན་ལོ་རྒྱུས་དེབ་ཕྲེང་ ༥༧ པ་བོད་མི་དོན་གཉེར་བ་ཞིག་ནས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་སྤེལ་ཚང་སྐུ་ངོ་བློ་བཟང་སྦྱིན་པ་མཆོག་ལ་ཁོང་གི་སྐུ་ཚེ་དང་འབྲེལ་བའི་ལོ་རྒྱུས་བཅར་འདྲི་ཞུས་པ་འདིའི་ནང། འཁྲུངས་ཡུལ་ཁྱིམ་ཚང་གི་སྐོར་དང་། བཙན་བྱོལ་དུ་ཕེབས་རྗེས་ཀྱི་སློབ་སྦྱོང་གནང་རིམ། ནང་མི་སྤུན་ཉེའི་སྐོར། ཆུ་སྒང་སྒྲིག་འཛུགས་དང་འབྲེལ་བའི་གནས་ཚུལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ཐུགས་འགན་བཞེས་པ་དང་། བོད་ནང་གཞུང་འབྲེལ་སྐུ་ཚབ་ཏུ་བསྐྱོད་པ། བདེ་སྲུང་ལས་ཁུངས་ནང་ཕྱག་ལས་གནང་བ། བལ་ཡུལ་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་པ་སོགས་ཀྱི་སྐོར། དགའ་ལྡན་ཕོ་བྲང་ཡིག་ཚང་ནང་ཕྱག་ལས་སྔ་ཕྱི་གནང་རིང་༸གོང་ས་མཆོག་ལ་མང་གཙོའི་ལམ་ལུགས་ཐོག་དགོངས་པ་འཁྲུངས་སྟངས་དང་། མང་གཙོའི་ལམ་ལུགས་དང་མཐུན་པའི་རང་གཞུང་གསར་འཛུགས་གནང་སྟངས་སོགས་༸རྒྱལ་བའི་མཛད་འཕྲིན། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང། ལྡན་མ་བློ་ཆོས་རིན་པོ་ཆེ། རྫོགས་ཆེན་རིན་པོ་ཆེ། ཁྲི་བྱང་རིན་པོ་ཆེ། དཔལ་ཀརྨ་པ་ཞྭ་དམར་ནག ཀཿཐོག་དབོན་སྤྲུལ། གདན་ས་ཁག་གི་མཁན་པོ་བསྐོ་གཞག་གནང་ཕྱོགས་སོགས་དང་འབྲེལ་བའི་གནས་ཚུལ་བཅས་གསལ།།
Comments
Post a Comment