༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོའི་གསན་ཡིག་ཡིད་བཞིན་ནོར་བུའི་བང་མཛོད།


Click on Book Cover for Book Preview
978-93-49244-73-3
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 44
དཔར་སྐྲུན་ལོ། JA(A)/2025/36
དཔར་གྲངས། 1000 (AF#2785/VeeEnn/49796)
ཤོག་གྲངས། 98
Rs.150

  • རྩོམ་པ་པོ། དགེ་བཤེས་བསྟན་པ་བཀྲ་ཤིས་ལགས་ཀྱིས་བརྩམས།
  • དཔར་སྐྲུན་པ། ཕྱི་ལོ་ ༢༠༢༥ ལོར་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་ཞུས། དེབ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་ྋསྐུའི་གོ་སྟོན་སྲུང་བརྩིའི་སླད་དུ་དཔར་སྐྲུན་ཞུས་པ་ཞིག་ཡིན།
  • བརྗོད་བྱ་གཙོ་བོ། ༸གོང་ས་༸སྐྱབས་མགོན་བཅུ་བཞི་པ་ཆེན་པོ་མཆོག་གིས་ཆོས་བརྒྱུད་རིས་སུ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་ལས་མདོ་རྒྱུད་མན་ངག་དང་། དབང་ལུང་ཁྲིད་གསུམ་སོགས་ཆོས་རྒྱུན་ཇི་ལྟར་གསན་བཞེས་གནང་བའི་ཐོབ་ཡིག་གམ་བརྗེད་ཐོ་རྣམས་ཚིགས་སུ་བཅད་པའི་སྒོ་ནས་བྲིས་པའི་རྣམ་ཐར་ཞིག་ཡིན།
  • གསན་བཞེས་གནང་སའི་བླ་མ་ཁག ༸གོང་ས་མཆོག་གིས་ཆོས་གསན་བཞེས་གནང་སའི་སྐྱེས་ཆེན་དམ་པ་ཉི་ཤུ་ཙམ་གྱི་མཚན་འཁོད་ཡོད་པའི་ནང་། ༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། ༸སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན། བཅོ་བརྒྱད་ཁྲི་ཆེན་རྡོ་རྗེ་འཆང་། ༧རྒྱལ་ཚབ་རྭ་སྒྲེང་རིན་པོ་ཆེ། ༸སྐྱབས་རྗེ་སྟག་བྲག་ཆེན་པོ། ༸སྐྱབས་རྗེ་ཡོངས་འཛིན་གླིང་སྤྲུལ་རྡོ་རྗེ་འཆང་། ༸སྐྱབས་རྗེ་ཁྲི་བྱང་རྡོ་རྗེ་འཆང་སོགས་བླ་མ་མང་པོའི་དྲུང་ནས་དབང་ལུང་ཁྲིད་གསུམ་ཇི་ལྟར་གསན་པའི་ཚུལ་གསལ་བར་འཁོད་ོད།
  • དགོས་དམིགས། ཐོབ་ཡིག་འདི་ནི་མ་འོངས་པའི་སློབ་ཚོགས་རྣམས་ལ་ཐོས་བསམ་སྒོམ་པའི་བྱ་བར་འཇུག་ཚུལ་གྱི་ལམ་སྟོན་གསལ་བའི་སྒྲོན་མེ་ལྟ་བུ་དང་། ཆོས་རྒྱུན་མི་ཉམས་རྒྱུན་འཛིན་ཡོང་བའི་ཆེད་དུ་ཡིན།

Comments

Comments

Post a Comment