སྙན་རྒྱན་ཀ་ཁའི་དཔལ་ཡོན།


Click on Book Cover for Book Preview
978-93-49244-78-8
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 60
དཔར་སྐྲུན་ལོ། JA(A)/2025/34
དཔར་གྲངས། 300 (AF#2795#2834/VeeEnn/25134)
ཤོག་གྲངས། 74
Rs.195

སེར་ཤུལ་རབ་གསལ།

༄༅། །དེབ་ཆུང་འདི་ནི་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་སྐབས་དང་པོའི་བོད་ཀྱི་སྐད་ཡིག་ཆེད་སྦྱོང་འཛིན་གྲྭ་ལོ་རིམ་གསུམ་པའི་སྙན་ངག་གི་སློབ་ཚན་ལྟར་དུ་བྲིས་པ་ཞིག་རེད། དེང་གི་ཆར་གཞོན་སྐྱེས་མི་ཉུང་བ་ཞིག་གིས་དུས་རབས་དང་མཐུན་པའི་སློབ་གསོའི་ཁ་ཕྱོགས་དང་། གསར་རྩོམ་གྱི་འཕེལ་འགྱུར། མཛེས་དཔྱོད་ཀྱི་ལྟ་བ། བསམ་བློའི་རང་དབང་སོགས་རྐྱེན་ཇི་སྙེད་ཀྱི་དབང་གིས། རྩམ་དྲི་མ་ཡལ་བའི་རང་རེའི་ཡུལ་གོམས་གཤིས་ལུགས་དང་། བརྗིད་ཅིང་རྔམ་པའི་རི་ཆུ་ནགས་གསུམ་ལ་སོགས་པས་མཚོན་སྙན་ངག་སྨྲ་བ་ཚོར་ཆེད་དུ་བཞེངས་བསྐྲུན་བྱས་པ་ལྟ་བུའི་ཐ་སྙད་ཡིད་དུ་འོང་བ་དག་བཀོལ་སྤྱོད་ཀྱིས་སྙན་ཚིག་གི་རི་མོ་གསོན་ཉམས་ལྡན་པ་ཕབ་ཀྱིན་པ་ལྟར། འདིར་ཡང་སྙན་ངག་སྨྲ་བ་ལ་མགྲིན་པ་ཁོད་ཡངས་པའི་སྨྱུག་ཐོགས་པ་སེར་ཤུལ་རབ་གསལ་ལགས་ཀྱིས། བསིལ་ལྡན་ཁ་བ་རི་པའི་བསམ་བློ་དང་ཁོར་ཡུག་གི་གནས་བབ་བཅས་རང་མི་རིགས་ཀྱི་ཐ་སྙད་གསོན་པོ་དག་གིས་ལེགས་པར་བརྒྱན་ཏེ། ཆོས་ལྡན་བོད་མིའི་བསམ་སྤྱོད་དང་མཐུན་པའི་རྒྱན་ཚིག་ལྷུར་བླངས་ནས་བྲིས་འདུག་པར་མ་ཟད། སྙན་རྒྱན་མང་ཆེ་བའི་སྐབས་སུ་འུ་ཚོའི་རིག་གཞུང་གི་སྙིང་བཅུད་སྔོག་འདོན་དང་ཐ་སྙད་འཇམ་པོ་བཀོད་ཅི་ཐུབ་ཀྱིས་གོ་བདེ་ལ་སྙན་འཇེབས་ལྡན་པ་ཞིག་བྲིས་འདུག་གོ །

Comments

Comments

Post a Comment