བློ་སྦྱོང་འགྲེལ་བ་བཞི་སྦྲགས།


Click on Book Cover for Book Preview
978-93-49244-84-9
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 55
དཔར་སྐྲུན་ལོ། JA(A)/2025/33
དཔར་གྲངས། 500 (AF#2814/VeeEnn/90064)
ཤོག་གྲངས། 444
Rs.540

ཚ་རུ་མ་ཐབས་མཁས།

ཀུན་རྫོབ་དང་དོན་དམ་གྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ལ་ཇི་ལྟར་བློ་སྦྱོང་བའི་ཚུལ་སྟོན་པའི་གཞུང་མང་དུ་ཡོད་པ་ལས་བློ་སྦྱོང་དོན་བདུན་མའི་གཞུང་ནི། བློ་སྦྱོང་གི་གདམས་པ་ཀུན་གྱི་རྩ་བ་དང་། གཙོ་བོ་ཡིན་པར་ཡོངས་སུ་གྲགས་ཤིང་ཚིག་ཉུང་དོན་གནད་འདུས་ཕྱིར། གཞུང་འདིར་འགྲེལ་བ་རྒྱས་བསྡུས་མང་ཞིང་འགྲོ་དོན་འཕྲིན་ལས་ཀྱི་དར་ཁྱབ་ཤིན་ཏུ་ཆེ་བའོ། །

དེས་ན་རང་རེའི་བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་མཁས་གྲུབ་དམ་པ་དག་གིས་མཛད་པའི་བློ་སྦྱོང་དོན་བདུན་མའི་འགྲེལ་བ་ཁག་བཞི་སྦྲགས་ཀྱིས་གུང་བསྒྲིགས་ཏེ། ནད་བརྒྱ་སྨན་གཅིག་གི་ཚུལ་དུ་གཞུང་བརྒྱའི་གདམས་པ་འདུས་པའི་གླེགས་བམ་འདི་ལ་ཐོས་བསམ་སྒོམ་གསུམ་གྱིས་བདེན་གཉིས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ། རང་གཞན་ཀུན་གྱི་སེམས་ལ་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་ཉམས་པ་མེད་པར་གོང་ནས་གོང་དུ་འཕེལ་བའི་རེ་བ་དང་སྨོན་ལམ་འདེབས་བཞིན་ཡོད།

Comments

Comments

Post a Comment