འཛམ་གླིང་གི་སྤྱི་ནོར།


Click on Book Cover for Book Preview
978-93-49244-87-0
དེབ་གཟུགས། 6.25 X 9.5
ལོ་རྒྱུས་དེབ་ཕྲེང་། 99
དཔར་སྐྲུན་ལོ། JA(A)/2025/47
དཔར་གྲངས། 1000 (AF#2788/Sahra/174640)
ཤོག་གྲངས། 496
Rs.1020

ངམ་རིང་བློ་བཟང་བསྟན་དར།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། འཛམ་གླིང་འདིའི་སྟེང་དོན་དམ་གྱི་བདེ་སྐྱིད་ཡོང་ཐབས་ལ་དགོངས་ནས་གསུངས་དོན།

ང་རང་ཚོ་ཚང་མ་འཛམ་གླིང་འདིའི་སྒང་ལ་འགྲོ་བ་མིའི་རིགས་གཅིག་གྱུར་རེད། མ་འོངས་པ་ལ་འཛམ་བུ་གླིང་འདིའི་སྒང་ལ་དོན་དམ་གྱི་བདེ་སྐྱིད་ཡོང་བ་ལ། ང་ཚོ་ཚང་མ་མིའི་རིགས་གཅིག་གྱུར་གྱི་ལྟ་ཚུལ་དང་། མིའི་རིགས་གཅིག་གྱུར་གྱི་བསམ་ཚུལ་ཐོག་ནས་ཐབས་ཤེས་འབད་བརྩོན་བྱེད་ཐུབ་ན། ང་ཚོའི་དཀའ་ངལ་མང་པོ་ཞིག་རང་བཞིན་གྱིས་ཞི་འགྲོ་རྒྱུ་ཡིན་པར་ང་རང་ཡིད་ཆེས་ཡོད། ང་རང་ཡང་འདིའི་ཐོག་ལ་དོ་སྣང་དང༌དགའ་མོས། འབད་བརྩོན་བྱེད་མཁན་ཞིག་ཡིན། ང་ཚོར་སྐད་ཡིག་འདྲ་མིན་དང༌། ལམ་ལུགས་འདྲ་མིན། ཆ་ལུགས་འདྲ་མིན་མང་པོ་ཡོད་པ་འདི་དག་ཕྱིའི་རྣམ་འགྱུར་མི་འདྲ་བའི་ཁྱད་པར་ཙམ་ལས། དོན་དམ་པའི་ནང་གི་བསམ་བློའི་ནང་ཚང་མ་བདེ་བ་འདོད་པ་དང༌། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ལས། དེ་ལ་ཕྱོགས་དང་རིས་སུ་འབྱེད་དགོས་པའི་ཁྱད་པར་གང་ཡང་མེད། ཅེས་ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༢༢ ཉིན་སུད་སིར་སྐུའི་འཁྲུངས་སྐར་སྐབས་སུ་སྩལ་པའོ།།

Comments

Comments

Post a Comment