Click on Book Cover for Book Preview
978-93-49244-76-4
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 96
དཔར་སྐྲུན་ལོ། JA(A)/2025/31
དཔར་གྲངས། 300 (F/VeeEnn/80850)
ཤོག་གྲངས། 116
Rs.240
ཀུན་རྩེ་བསོད་ནམས་དབང་འདུས།
༈ ཕྱག་དེབ་འདི་ནི་༸རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཆོག་སྤྲུལ་རྩད་གཅོད་ངོས་འཛིན་དང་ཉི་མ་ལྷ་སར་གདན་ཞུ་ཇི་ལྟར་གནང་བའི་སྐོར་འཁོད་པའི་ལོ་རྒྱུས་ཁུངས་ལྡན་ཞིག་ཡིན། དེ་ཡང་ལོ་རྒྱུས་འདི་ཉིད་དུ། ཟི་ལིང་ཁུལ་རྩད་གཅོད་དུ་ཕེབས་མི་མཚན་ཞབས་ཀེའུ་ཚང་རིན་པོ་ཆེ་དང་། སྤྱི་ཁྱབ་མཁན་པོ་མཁྱེན་རབ་བསྟན་འཛིན་རྣམ་གཉིས་སྔོན་གཤེགས་ཟིན་པ་དང་། རྩེ་དྲུང་བློ་བཟང་ཚེ་དབང་བཙན་འོག་ཏུ་ལུས་པ་བཅས་ཀྱིས་རྩད་གཅོད་གདན་ཞུ་མཛད་པོའི་ཁོངས་ནས་རྒྱ་གར་ས་ཐོག་ཏུ་སླེབས་འབྱོར་ངེད་རང་(རྩོམ་པ་པོ་)གཅིག་པུ་ལས་མེད་ཅིང་། ཞེས་འཁོད་ཡོད་པ་ལྟར་ཡང་སྲིད་རྩད་གཅོད་ཐད་ཁོང་ལས་རྒྱུས་མངའ་ཆེ་བ་ཞིག་དེ་དུས་འཇིག་རྟེན་འདི་ན་མེད་པ་གཏན་འཁེལ་བ་ཡིན་ན་ད་ལྟ་ནི་སྨོས་ཅི་ལ་དགོས། བོད་དུ་རྒྱ་གཞུང་གིས་བཀོད་སྒྲིག་བྱས་པའི་འོག་ཏུ་བརྩམས་པའི་ལོ་རྒྱུས་རྣམས་ལ་བོད་ཀྱི་ཁུངས་ལྡན་ལོ་རྒྱུས་བརྗོད་ས་གཏན་ནས་མེད། དེས་ན་ཕྱིས་བྱུང་སྐད་ཡིག་ཅི་འདྲ་ཞིག་གི་ནང་དུ་༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ནང་དོན་རྣམས་གལ་ཏེ་འདི་ནང་འཁོད་པའི་ལོ་རྒྱུས་དང་འགལ་བར་གཟིགས་ཚེ་བདེན་པ་མིན་པ་ཐག་ཆོད་པ་ཡིན། སྒྲོ་སྐུར་མེད་པའི་ལོ་རྒྱུས་ནི་རྟག་ཏུ་རྒྱལ་གྱུར་ཅིག
Comments
Post a Comment