རྒྱལ་པོ་མི་ལིནྡའི་ཞུ་ལན།


Click on Book Cover for Book Preview
978-93-49244-47-4
དེབ་གཟུགས། 6.25 X 9.5
ནང་ཆོས་དེབ་ཕྲེང་། 53
དཔར་སྐྲུན་ལོ། JA(A)/2025/30
དཔར་གྲངས། 300 (LF/VeeEnn/109386)
ཤོག་གྲངས། 158
Rs.240

ཕབ་བསྒྱུར་དང་ཞུ་སྒྲིག་པ། ཨཱཅཱརྱ་ཐུབ་བསྟན་བྱམས་པ་དང་འབུམ་རམས་པ་བློ་བཟང་རྡོ་རྗེ་རབ་གླིང་།

༄༅། །རྒྱལ་པོ་མི་ལིནྡའི་དྲི་བའམ་ཞུ་ལན་ཞེས་པའི་གཞུང་འདི་ཡེ་ཤུ་མ་བྱུང་བའི་ལོ་ ༡༥༠ སྔོན་ཙམ་ལ་བྱུང་ཞིང་། གཞུང་འདི་གྲཱིཀ་གི་རྒྱལ་པོ་མིནཱཎཊར་ཞུ་བས་ནང་པའི་སློབ་དཔོན་ཆེན་པོ་ཀླུ་ཡི་སྡེ་ལ་དྲི་བ་ཕུལ་བ་ཁག་ལ་སློབ་དཔོན་གྱིས་དཔེ་དོན་དུ་མ་དང་སྦྱར་ནས་གོ་བདེ་པོའི་ངང་ལན་ཕུལ་བའི་གཞུང་ཧ་ཅང་གོ་བདེ་ཞིང་དོན་བཟང་བ་རྒན་གཞོན་བར་གསུམ་ཚང་མས་ནང་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་གོ་བདེ་པོའི་ངང་ཤེས་ཐུབ་པའི་གཞུང་ཧ་ཅང་རྩ་ཆེ་ཞིང་སྙན་གྲགས་ཆེ་བ་ཞིག་ཡིན།

གྲཱིཀ་གི་རྒྱལ་པོ་མིནཱཎ་ཊར་ཁོང་ཧ་ཅང་གི་བློ་རིག་བཀྲ་བར་མ་ཟད་རྩོད་པ་བྱེད་པར་ཧ་ཅང་དགའ་ཞེན་ཆེན་པོ་ཡོད་པའི་རྒྱལ་པོ་ཞིག་ཡིན། ཁོང་གིས་མཁས་པ་མང་པོ་བློ་རིག་གཉིས་ཀྱི་སྒོ་ནས་ཚར་བཅད་པའི་ལོ་རྒྱུས་ཡོད། ཁོང་ཕྱི་རོལ་པའི་རིག་བྱེད་དང་སྔོན་རབས་དང་། གཞན་ཡང་ལྟ་གྲུབ་རིག་པའི་ཐོག་མཁྱེན་རྒྱ་ཤིན་ཏུ་ཡངས་པར་མ་ཟད་མཚན་ཉིད་ཀྱི་རིག་པའི་གཞུང་ལའང་སྐུ་ཡོན་ཆེན་པོ་ཡོད་པའི་རྒྱལ་པོ་མཁས་དབང་སྙན་གྲགས་ཅན་ཞིག་ཡིན།

ཁོང་སྐུ་བཞུགས་སྐབས་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་རྣམས་ཀྱང་ཁོང་དང་ལྷན་དུ་ལྟ་གྲུབ་ཐོག་རྩོད་པར་འཇིགས་ཞུམ་ངང་གནས་པར་མ་ཟད་ཁོང་དང་རྩོད་པར་སྤོབས་པ་མེད།

འོན་ཀྱང་ལན་གཅིག་ཁོང་ནང་པའི་སློབ་དཔོན་ཆེན་པོ་གནས་བརྟན་ཀླུ་ཡི་སྡེ་དང་ལྷན་དུ་ནང་པའི་ལྟ་གྲུབ་ཐོག་རྩོད་པས་རྒྱལ་པོ་མཆོག་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་ཕམ་ནས་མཐར་ནང་པ་སངས་རྒྱས་པའི་ཆོས་ལ་ཧ་ཅང་གི་དད་གུས་ཆེན་པོ་བྱུང་སྟེ་རང་ཉིད་ཀྱི་རྒྱལ་སྲིད་ཀྱང་སྤངས་ཏེ་རབ་ཏུ་བྱུང་ནས་མཐར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པའི་སྐོར་འཁོད་པའི་གཞུང་ཞིག་ཡིན།

Comments

Comments

Post a Comment