Click on Book Cover for Book Preview
978-93-49244-63-4
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 93
དཔར་སྐྲུན་ལོ། JA(A)/2025/27
དཔར་གྲངས། 500 (AF#2723/Sahra/97940)
ཤོག་གྲངས། 158
Rs.240
ཚེ་རིང་སྐྱིད།
༼བར་དོ་བ་༽ཞེས་པའི་སྙན་དེབ་འདི་ནི་གུས་མོ་ཚེ་རིང་སྐྱིད་ཀྱིས་སྙན་ངག་༢༠༠ ཙམ་ཕྱོགས་སྒྲིག་གིས་ ༼སྙན་ངག་༡༡༣༽ དང་༼ཟུར་བཏགས།༽༼ལྷག་དཀར།༽༼སྙན་ངག་རྙིང་བའི་སྡེ།༽ བཅས་སྡེ་ཚན་བཞི་ཡིས་བདག་ཉིད་ལས་གྲུབ་པའི་སྙན་ངག་གི་དེབ་ཕྲེང་ཞིག་ཡིན། འདི་ནི་འདས་པའི་མི་ལོ་༢༥ ལྷག་གི་རིང་ལ་སྙན་ངག་བྲིས་ཤིང་བོད་ཕྱི་ནང་གཉིས་སུ་སྙན་དེབ་ལྔ་དཔར་བསྐྲུན་བྱས་ཟིན་པ་ལས་ཐེངས་འདིའི་སྙན་དེབ་ཀྱི་སྙན་ངག་ཕལ་ཆེ་བ་དེ་ཉེ་བའི་ལོ་ཤས་རིང་བྲིས་པ་ཁག་ཅིག་ཡིན། གཞན་ཡང་སྙན་ངག་གཙོས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱིས་མི་སྒེར་བའི་མྱོང་ཚོར་དང་འབྲེལ་ནས་སྤྱི་ཚོགས་ཤིག་གི་ངོ་གདོང་དང་མི་ཚོགས་ཤིག་གི་གནས་བབ་མཚོན་ཐུབ་པསའདི་ནི་གཞི་ནས་སྒྱུ་རྩལ་བརྩམས་ཆོས་ཀྱི་བླ་ན་མཐོ་བའི་རིན་ཐང་ཡིན་ན་༼བར་དོ་བ་༽འདི་ཡང་ང་རང་འཚོ་སའི་སྤྱི་ཚོགས་དང་ང་རང་བདག་སའི་མི་རིགས་འདིའི་ལས་དབང་དང་གནས་བབ་བར་གྱི་ངའི་ལས་དབང་གི་རི་མོ་ཡིན་ལ་ཁྱེད་ཀྱི་སེམས་ནང་གི་གླུ་ཆུང་ཡང་ཡིན། ༼བར་དོ་བ་༽ ཡིས་ཀྱང་ང་ཚོའི་ཐུན་མོང་གི་སེམས་ཁམས་དང་ལས་དབང་གི་ཟུར་ཞིག་རྙེད་ཅིང་མཐོང་ཐུབ་པའི་སྨོན་འདུན་ཡོད།
Comments
Post a Comment