ལས་དང་པོ་བའི་ཞི་གནས་སྒོམ་ཚུལ།


Click on Book Cover for Book Preview
978-93-49244-38-2
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 93
དཔར་སྐྲུན་ལོ། JA(A)/2025/19
དཔར་གྲངས། 300 (LF/Sahra/27966)
ཤོག་གྲངས། 118
Rs.270

ཨ་ལགས་རྗེེ་སྤྲུལ་བློོ་གྲོོས་ཆོོས་བཟང་།

༄། །གལ་ཏེ་ཁྱེད་ཀྱི་མི་ཚེའི་ནང་སེམས་ལ་བཟོད་བསྲན་མི་ཐུབ་པའི་སྔུག་བསྔལ་དང་། དཀལ་ངལ། དངངས་སྐྲག དོགས་པ། རྣམ་རྟོག་སོགས་ཡོད་ཚེ་དེ་དག་ཇི་བཞིན་སེལ་བ་ནི་སྒོམ་སྒྲུབ་ཁོ་ནས་མ་གཏོགས་གཞན་གང་གིས་ཀྱང་མི་ཐུབ་ཅིང་། སེམས་ཀྱི་དཀའ་ངལ་ནི་སེམས་ཉིད་ཀྱིས་སེལ་དགོས་པས་སྒོམ་ནི་སེམས་ཀྱི་སྨན་མཆོག་བླ་ན་མེད་པ་ཞིག་ཡིན། དེར་བརྟེན། དེང་སྐབས་འཛམ་གླིང་ཤར་ནུབ་གང་སར་སེམས་ཁམས་ཆེད་མཁས་པ་དང་ཚན་རིག་པ་སོགས་ཀྱིས་དོ་སྣང་ཆེས་ཆེར་བྱེད་བཞིན་པ་དང་། སྒོམ་ལའང་རིགས་ཇི་སྙེད་ཅིག་ཡོད་པ་ལས། འདིར་འཇོག་སྒོམ་མམ་ཞི་གནས་ཀྱི་སྐོར་ཡིན། ལས་དང་པོ་བ་ཞིག་གིས་ཞི་གནས་ཀྱི་སྒོམ་ལ་འཇུག་པའི་ཚེ། སྔོན་འགྲོའི་བྱེད་སྒོ་དང་། དངོས་གཞི་དམིགས་རྟེན་འཚོལ་ཚུལ། དམིགས་རྟེན་རྙེད་རྗེས་དེ་ལ་སེམས་གཏོད་ཚུལ། དམིགས་རྟེན་ལ་གནས་ཆ་ཅུང་ཟད་རྙེད་རྗེས་བྱིང་རྒོད་ལ་དོགས་ཟོན་ཇི་ལྟར་བྱེད་དགོས་མིན་སོགས་གཞུང་ཆེན་མོའི་དགོངས་དོན་དང་མི་འགལ་ཞིང་། རྒྱས་བཤད་དང་སྤྲོས་བཤད་མི་དགོས་པར་ཉུང་ངུ་རྣམ་གསལ་དང་གོ་བདེའི་ལམ་ནས་ངོ་སྤྲོད་དང་། དེ་ཡང་ཡིག་ཐོག་གི་གོ་བ་ཙམ་མ་ཡིན་པར་ཉམས་མྱོང་ཅན་གྱི་དགོངས་ཚུལ་དང་སྦྲགས། ཞི་གནས་དཔེ་རིས་ཀྱི་བྱུང་བའང་མདོ་ཙམ་བྲིས་ཡོད། མདོར་ན་སྒོམ་སྒྲུབ་ནི་ཆོས་པ་ཁོ་ནའི་ཉམས་ལེན་དང་སེམས་ངལ་ཅན་ཁོ་ནའི་ལས་སུ་བྱ་བ་ཞིག་མ་ཡིན་པར། ཆོས་དད་དང་དཀའ་ངལ་ཡོད་མེད་ཀུན་གྱི་ཡིད་ཀྱི་སྨན་མཆོག་དང་སེམས་ཀྱི་འཕྲོད་བསྟེན་ཞིག་ཏུ་ངོས་འཛིན་བྱེད་ཆོག།

Comments

Comments

Post a Comment