ལ་མོའི་ཡོངས་འཛིན་རིན་པོ་ཆེའི་རྣམ་ཐར།


Click on Book Cover for Book Preview
978-93-49244-59-7
དེབ་གཟུགས། 5.5 X 8.5
ལོ་རྒྱུས་དེབ་ཕྲེང་། 93
དཔར་སྐྲུན་ལོ། JA(A)/2025/13
དཔར་གྲངས། 300 (AF#2681/VeeEnn/61702)
ཤོག་གྲངས། 322
Rs.600

དོ་སྤྲུལ་ཆོས་དབྱིངས་ཡེ་ཤེས་སམ་ཀླུ་སྨྱོན་ཧེ་རུ་ཀས་བརྩམས།

༄༅། །ཁྱབ་བདག་རྡོ་རྗེ་འཆང་དབང་རྗེ་བླ་མ་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་པོའི་རྣམ་པར་ཐར་པ་ཉུང་བསྡུས་བཻཌྰུར་དཀར་པོའི་ཆར་པ་ཞེས་ལ་མོའི་ཡོངས་འཛིན་མཆོག་གི་རྣམ་ཐར། གང་ཉིད་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འདབས་མདའ་བཞིར་སྐུ་འཁྲུངས་པ་དང་། རབ་ཏུ་བྱུང་བ་ནས་བཟུང་གྲྭ་རྐྱང་དཀྱུས་མའི་ཚུལ་གྱིས་མཚན་ལྡན་བླ་མ་དམ་པའི་ཞལ་སྔ་ནས་གཞུང་ཆེན་ལྔ་སྔགས་དང་བཅས་ལ་ཐོས་བསམ་སྒོམ་གསུམ་རྡོ་རུས་ཐུག་པ་གནང་ཞོར་དུ། གདམས་པའི་གཏེར་ཆེན་ཨ་ལགས་བླ་ཁོ་རྡོ་རྗེ་འཆང་སོགས་དམ་པ་མང་པོའི་ཞལ་སྔ་ནས་ཟབ་རྒྱས་ཀྱི་མན་ངག་ཡོངས་རྫོགས་གསན་ཏེ་མཁས་པའི་གྲགས་པ་ཕྱོགས་ཀུན་ཁྱབ། བཙོན་གྲོལ་ཐོབ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་བཞིན་འབྲེལ་ཡོད་དགོན་པ་ཁག་ཏུ་འཆད་རྩོད་རྩོམ་གསུམ་དང་། ལྷག་པར་མདོ་སྨད་བྱང་རྒྱུད་ཀྱི་བླ་སྤྲུལ་དང་དགེ་བཤེས་ཕལ་མོ་ཆེར་དབང་ལུང་མན་ངག་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་དུ་གནང་བ་སོགས་བསྟན་པའི་རྒྱུན་སླར་ཡང་གསོས། མཐར་དགུང་ལོ་གོ་བདུན་པར་གཟུགས་སྐུའི་བཀོད་པ་གཞན་དུ་གཤེགས་ཚུལ་བསྟན་པའོ། །

Comments

Comments

Post a Comment