བཤེས་པའི་སྤྲིངས་ཡིག་གི་ཊཱིཀྐ


Click on Book Cover for Book Preview
978-93-49244-23-8
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 50
དཔར་སྐྲུན་ལོ། JA(A)/2025/12
དཔར་གྲངས། 500 (LF/VeeEnn/48380)
ཤོག་གྲངས། 156
Rs.300

ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ།

༄༅། །བཤེས་པའི་སྤྲིངས་ཡིག་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་རང་གི་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བའི་འཕྲིན་ཡིག་ཅིག་ཡིན་ནའང་། དོན་དུ་ནི་ཆོས་བྱེད་ཁྱིམ་པས་གཙོས་པའི་ལས་དང་པོ་བ་ཞིག་གིས་དམ་པའི་ལྷ་ཆོས་ཇི་ལྟར་བསྒྲུབ་དགོས་པའི་བླང་དོར་སྟོན་པའི་ནང་ཆོས་ངོ་སྤྲོད་ཀྱི་གཞུང་མཆོག་ཅིག་ཡིན། འགྲེལ་པ་འདིར་ཡང་། ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་བཅས་དོན་ཚན་གསུམ་གྱི་སྒོ་ནས་རྩ་ཚིག་མཐར་ཆགས་སུ་འགྲེལ་ཞིང་། ལེགས་ཉེས་བླང་དོར་འབྱེད་པ་ལ་དོན་གྱི་གནད་འབྱིན་པའི་འགྲེལ་བཤད་རྒྱས་བསྡུས་འཚམ་པའི་ཁར། དངོས་ཤུགས་ཅི་རིགས་ནས་རྩ་ཚིག་གི་ཚིག་དོན་ཞིབ་འགྲེལ་གནང་ཡོད་པས། ནང་དོན་རིག་པར་སློབ་གཉེར་གནང་མཁན་གྱི་ལས་དང་པོ་བ་ཞིག་ལ་མཚོན་ན། གཞུང་འདི་ནི་ཚིག་ཚོགས་ཉུང་ལ་གོ་དོན་ཟབ་པ་སོགས་ཆ་གང་ཐད་ནས་ཆེས་རན་པར་མ་ཟད། ཟིན་བྲིས་ཀྱི་རྣམ་པར་བཞུགས་པས་ན་ཚིག་གི་སྦྱོར་བ་ངག་ལ་བདེ་ཞིང་དོན་གྱི་གོ་བ་གསལ་པོར་སྟོན་པ་སོགས་ཀྱི་ཁྱད་ཆོས་ལྡན་ནོ།།

Comments

Comments

Post a Comment