ལོ་ཆེན་བྱང་ཆུབ་རྩེ་མོ་ཞང་དབོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།


Click on Book Cover for Book Preview
978-93-49244-04-7
དེབ་གཟུགས། 6.25 X 9.5
རྣམ་ཐར་དེབ་ཕྲེང་། 42
དཔར་སྐྲུན་ལོ། JA(A)/2025/08
དཔར་གྲངས། 500 (AF#2666/VeeEnn/102070)
ཤོག་གྲངས། 332
Rs.600

༈ འདི་ན་དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ་(༡༢༧༦-༡༣༤༢)དང་། ལོ་ཆེན་བྱང་ཆུབ་རྩེ་མོ་(༡༣༡༥-༡༣༧༩)། ལོ་ཙཱ་བ་གྲགས་རྒྱན་(༡༣༥༢-༡༤༠༥)བཅས་ཀྱི་རྣམ་ཐར་བཞུགས་ཡོད། ཁྱིམ་རྒྱུད་གཅིག་ཏུ་འཁྲུངས་ཤིང་། ཐུན་མོང་གི་རིག་གནས་རང་གི་ཕ་ཆོས་སུ་ངོས་བཟུང་སྟེ་རྒྱུན་འཛིན་གནང་བ་ལ་བརྟེན་ནས་ཕྱི་རབས་པས་ཁོང་རྣམས་ཀྱི་མཛད་རྗེས་ལ་རྗེས་སུ་ཡི་རང་དང་ནམ་ཡང་དྲན་ཡུལ་ནས་མི་བརྗེད་པ་གནང་དགོས། དེར་མ་ཟད་ཁོང་རྣམས་མཁས་གྲུབ་ཆེན་པོ་ཞེ་གཅིག་ཏུ་འདུག་པས་རྣམ་ཐར་མཇལ་རིམ་བཞིན་དད་པ་དང་ངོ་མཚར་ལྷན་ཅིག་ཏུ་མི་སྐྱེ་བ་མི་སྲིད། ཁོང་རྣམས་ཀྱི་འཁྲུངས་ཡུལ་ནི་གོ་རིམ་བཞིན་ལ་སྟོད་ཟུར་ཚོའི་གྱམ་དང་གོག་ཁྲོ་ཆག་ཆུང་བཅས་སུ་ཡིན་ནོ།།

Comments

Comments

Post a Comment