དགོན་པ་འདེབས་དུས་ས་བསླང་བརྟག་པ་བྱེད་ཚུལ་སོགས་ཕྲན་ཚེགས་དུམ་བུ་ཉེར་བདུན།


Click on Cover to Preview Book Sample
978-81-981712-3-8
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 22
དཔར་སྐྲུན་ལོ། JA(A)/2024/52
དཔར་གྲངས། 500 (AF#/VeeEnn/28025)
ཤོག་གྲངས། 88
Rs.165

༈ གདན་ས་བཀྲ་ཤིས་ལྷུན་པོའི་མཁན་སྔགས་དཀའ་ཆེན་བློ་བཟང་བཟོད་པ་མཆོག་གིས་བརྩམས་གནང་བའི་དགོན་པ་འདེབས་དུས་ས་བསླང་བརྟག་པ་བྱེད་ཚུལ་སོགས་ཕྲན་ཚེགས་དུམ་བུ་ཉེར་བདུན་བཞུགས་སོ་ཞེས་པ་ནི་དུས་ཀྱི་དགོས་མཁོ་ཞིག་ཏུ་མཐོང་། ལྷག་པར་དུམ་བུ་ཉེར་བདུན་པོ་འདི་དག་གི་བྱུང་རབས་དང་དཔེ་དོན་སྦྱར་ཏེ་ཁ་གསལ་ལ་གོ་བདེ་བ་རྣམས་ཕྱོགས་གཅིག་ཏུ་བཏུས་འདུག་པ་མ་ཟད། དམ་ཆོས་འདུལ་བ་ནས་གསུངས་པ་བཞིན་དགོན་པ་ཞིག་ལ་ངེས་པར་དགོས་པའི་ཡོ་བྱད་རྣམས་དང་དེ་དག་གི་ཕན་ཡོན་དང་མཚོན་བྱེད་བཅས་རྒྱས་བཤད་གནང་འདུག། དཔེར་ན་མཐུན་པ་སྤུན་བཞིའི་རི་མོ་དགོས་ལུགས་དང་དེའི་བྱུང་བ་ལྟ་བུ་དང་། སྲིད་པ་འཁོར་ལོའི་གླེང་གཞི་དང་བདེན་པ་བཞི་ལ་སྦྱར་སྟངས་སོགས་རྒྱས་པར་བྲིས་གནང་འདུག།

Comments

Comments

Post a Comment