སུམ་ཅུ་པའི་རྣམ་བཤད་གཟུར་གནས་དགྱེས་པའི་གཏམ་དང་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ།


Click on Cover to Preview Book Sample
978-93-83441-48-8
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 22
དཔར་སྐྲུན་ལོ། JA(A)/2024/50 [2024,2018,2017,2015]
དཔར་གྲངས། 500 (LF/Sahra/59000)
ཤོག་གྲངས། 236
Rs.360

ཉན་ཤུལ་མཁྱེན་རབ་འོད་གསལ།

༄༅། །སུམ་རྟགས་ཀྱི་གཞུང་འདི་ནི་ཞིབ་མོའི་བློ་ཡིས་དཔྱད་པའི་དཀའ་འགྲེལ་རྨད་དུ་བྱུང་བ་ཞིག་སྟེ། རྩོམ་ལུགས་ཀྱི་ཆ་ནས་ཀྱང་ཚིག་གི་སྤྲོས་པ་ཉུང་ལ་དོན་གྱི་གནད་དྲིལ་བ་མ་ཟད། སྔ་འགྲེལ་དག་གི་ཟེར་སྒྲོས་ཀྱི་ཁོར་ཡུག་ནས་རྒྱང་དུ་བུད་དེ། ཐུན་མིན་དཔྱད་ཐབས་ཀྱི་རིག་པ་རྩལ་འདོན་བགྱིས་ནས། སུམ་ཅུ་པའི་མིང་ཚིག་འཆད་པའི་སྐབས་སུ། ཆོས་བརྗོད་ཀྱི་མིང་དང་ཆོས་ཅན་བརྗོད་པའི་མིང་གི་བརྡས་དྲངས་ཏེ་ཕྲད་དང་རྣམ་དབྱེའི་འཇུག་པ་གོ་སླ་བའི་ཐབས་ཀྱིས་འགྲེལ་བ་དང་། རྟགས་ཀྱི་འཇུག་པའི་སྐབས་སུའང་། དུས་གསུམ་སྤྱི་བྱེ་ཐོར་བུ་གསུམ་དང་། ལས་ཚིག་དབྱེ་བ་དགུ་ལྡན། བདུན་ལྡན། ལྔ་ལྡན། གསུམ་ལྡན་སོགས་ཡིད་ལ་འཇུག་བདེ་བའི་ཐབས་འཕྲུལ་སྣ་མང་གིས་བཀྲལ་ཏེ། བདག་གཞན་དུས་གསུམ་གྱིས་མཚོན་སུམ་རྟགས་ཀྱི་དཀའ་གནད་མི་ཉུང་བ་ཞིག་གསེད་བཀྲོལ་གནང་འདུག་པས་ན་ཅིས་ཀྱང་འཇུག་པར་རིགས་སོ།།

Comments

Comments

Post a Comment