Click on Cover to Preview Book Sample
978-81-967911-9-3
དེབ་གཟུགས། 6.25 X 9.5
ལོ་རྒྱུས་དེབ་ཕྲེང་། 83
དཔར་སྐྲུན་ལོ། [2023] JA(A)/2023/49
དཔར་གྲངས། 300 (AF#2334/VeeEnn/83119)
ཤོག་གྲངས། 356
Rs.820
༄། །ཕྱག་དེབ་འདི་ནི་བོད་ཀྱི་དཔེ་མཛོད་ཁང་གི་ལོ་རྒྱུས་དེབ་ཕྲེང་གྱ་གསུམ་པ་ “དྲན་ཡུལ་གྱི་བོད་དང་ཡུལ་གྱར་བའི་བརྗེད་ཐོ།” ཞེས་པ་དེ་ཡིན་ཞིང་། འདི་ནི་གླང་མཐོང་བསྟན་འཛིན་འཕྲིན་ལས་སམ་མཁར་སྟེང་སྤྲུལ་སྐུའི་རང་བྲིས་མི་ཚེའི་ལོ་རྒྱུས་དང་དངོས་བྱུང་མྱོང་ཚོར་གྱི་དྲན་ཐོ་ཞིག་ཡིན། ཕྱག་དེབ་འདིའི་ནང་དོན་གཙོ་བོ་ཁག་གཤམ་གསལ་ལྟར་བསྡུས་ཡོད།
- རྩོམ་པ་པོའི་བྱིས་དུས་ཀྱི་མི་ཚེ། རྩོམ་པ་པོ་ཆུང་དུས་ནས་ཕ་མ་གཉིས་ཀ་འདས་གྲོངས་སུ་གྱུར་པ་དང་། ནང་མི་ནང་ཁུལ་མ་མཐུན་པའི་རྐྱེན་གྱིས་སྐྱེས་ཡུལ་རྒྱལ་རྩེ་ནས་ལྷ་སར་བསྐྱོད་དགོས་བྱུང་བའི་སྐོར།
- སྤྲུལ་སྐུར་ངོས་འཛིན་དང་བྲོས་བྱོལ། ཁོང་ལ་མཁར་སྟེང་སྤྲུལ་སྐུའི་ཡང་སྲིད་དུ་ངོས་འཛིན་བྱུང་རྗེས། རྒྱ་དམར་གྱིས་བོད་ལ་བཙན་འཛུལ་དང་བཙན་གནོན་བྱས་རྐྱེན་ རང་གི་དགོན་པ་དང་རང་ཡུལ་བོད་ནས་རྒྱ་གར་དུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་བའི་སྐོར།
- རྒྱ་གར་ནང་གི་སློབ་སྦྱོང་དང་མི་ཚེ། རྒྱ་གར་དུ་ཌལ་ཧོར་སྤྲུལ་སྐུའི་སློབ་གྲྭར་གནའ་དེང་གི་སློབ་སྦྱོང་དབུ་འཛུགས་གནང་བ་དང་། རྗེས་སུ་རང་ཉིད་ཀྱིས་གསར་དུ་ཁྱིམ་ཚང་བཟུང་བའི་ལོ་རྒྱུས།
- བོད་ཀྱི་ཆོས་སྲིད་སྲི་ཞུ། ལྷག་བསམ་ཆེན་པོས་རང་ངོས་ནས་བོད་ཀྱི་ཆོས་སྲིད་ཀྱི་སྲི་ཞུའི་ལས་དོན་ཁག་ལ་འབུངས་པ་སོགས་དུས་རབས་ཉི་ཤུ་པའི་སྐབས་ཀྱི་བོད་དང་བོད་མིའི་དངོས་ཡོད་གནས་སྟངས་དང་འབྲེལ་བའི་མི་ཚེའི་བྱུང་བ་རྣམས་འཁོད་ཡོད།
མདོར་ན། ཕྱག་དེབ་འདི་ནི་རྩོམ་པ་པོ་རང་ཉིད་ཀྱི་མི་ཚེར་གཞིས་བྱེས་གཉིས་སུ་བྱུང་བའི་སྐྱིད་སྡུག་འདྲེས་མའི་བྱུང་བ་དྲང་པོར་བརྗོད་པའི་བདེན་གཏམ་ཞིག་ཡིན།
Comments
Post a Comment