Click on Book Cover for Book Preview
978-81-976419-5-4
978-81-976419-5-4
དེབ་གཟུགས། 6.25 X 9.5
རྣམ་ཐར་དེབ་ཕྲེང་། 41
དཔར་སྐྲུན་ལོ། JA(A)/2024/47
དཔར་གྲངས། 500 (AF/VeeEnn/102070)
རྣམ་ཐར་དེབ་ཕྲེང་། 41
དཔར་སྐྲུན་ལོ། JA(A)/2024/47
དཔར་གྲངས། 500 (AF/VeeEnn/102070)
ཤོག་གྲངས། 296
Rs.600
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་མཛད།རྣམ་ཐར་འདིའི་མཛད་པ་པོ་རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་ནས། སྤྱིར་སྟོན་པའི་རྣམ་ཐར་ལ་ཐེག་ཆེན་གྱི་ལུགས་དང་ཐེག་དམན་གྱི་ལུགས་གཉིས་ལས། ཐེག་ཆེན་གྱི་ལུགས་ཉིད་ཆེས་རྒྱ་ཆེ་བ་དང་། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང་། གདུལ་བྱ་མཆོག་གི་སྣང་ངོ་ཡིན་པ་དང་། གསང་བ་ཆེན་པོའི་རྣམ་པར་ཐར་པ་ཡིན་པ་དང་། ཐེག་པ་རང་ཉིད་ཀྱི་མཐོ་དམའི་ཁྱད་པར་སོགས་རྒྱུ་མཚན་དུ་མས་མཆོག་ཡིན་མོད་ཀྱང་། སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང་། སྐུ་ཚེའི་ཚད་དང་། སྔ་ཕྱིའི་དུས་དང་། ཡུལ་ཕྱོགས་དེ་དང་དེར་ཞབས་ཀྱིས་བཅགས་སོ་མ་བཅགས་སོ་ཞེས་སོགས་དཔྱད་པ་སྣ་ཚོགས་པ་འཇུག་པའི་གཞི་ནི། ལུགས་ཐུན་མོང་བ་འདི་ཁོ་ན་ཡིན་པས་ན། གཏམ་རྒྱུད་ཀྱི་སྦྱོར་བ་འཆད་པའི་ཚུལ་ལ་ཐེག་པ་ཐུན་མོང་གི་ལུགས་འདི་ངེས་པར་གནད་ཆེ་བར་ཤེས་སོ། །འོན་ཀྱང་ཕྱོགས་འདི་ན་ཉན་ཐོས་ཀྱི་མདོ་སྡེ་ཚང་བར་མ་བྱོན་པས། ཇི་ཙམ་རྙེད་པ་དེ་ཙམ་བརྗོད་པའོ། །” ཞེས་གསུངས་པ་ལྟར། རྣམ་ཐར་འདི་སྒྲིག་སྐབས་གཙོ་བོ་མངོན་པར་འབྱུང་བའི་མདོ་དང་། འདུལ་བ་ལུང་སྡེ་བཞི། དེ་བཞིན་མདོ་སྡེ་ལས་བརྒྱ་པ་དང་རྟོགས་བརྗོད་བརྒྱ་པ་སོགས་ཐེག་པ་ཐུན་མོང་བའི་མདོ་རྣམས་སུ་འཁོད་པའི་སངས་རྒྱས་ཀྱི་རྣམ་པར་ཐར་པ་ཁག་ལོ་དུས་སོགས་ཀྱིས་གུང་བསྒྲིགས་ཏེ་བརྩམས་པ་ཞིག་ཡིན་གཤིས། རང་རེའི་བློ་ལ་འཆར་བདེ་ཞིང་ཆ་ལག་ཡོངས་སུ་ཚང་བའི་མཛད་རྣམ་ཕུན་སུམ་ཚོགས་པ་ཞིག་རེད་འདུག

Comments
Post a Comment