Click on Cover to Preview Book Sample
978-81-981712-4-5
དེབ་གཟུགས། 6.25 X 9.5
སྐད་ཡིགདེབ་ཕྲེང་། 45
དཔར་སྐྲུན་ལོ། JA(A)/2024/45
དཔར་གྲངས། 500 (LF/Sahra/214170)
ཤོག་གྲངས། 686
Rs.1290
རྒྱ་མིའི་བཙན་འཛུལ་ལས་བྲོས་བྱོལ་དུ་སོང་རྗེས་གློ་བུར་དུ་དྭ་ཕྲུག་ཏུ་གྱུར་པ་དང་། བལ་ཡུལ་གྱི་བོད་མི་བཙན་བྱོལ་བའི་གཞིས་གྲོང་ཞིག་ཏུ་ལུས་པའི་བུ་མོ་གཅེན་གཅུང་གཉིས་ཀྱིས་ཆ་རྒྱུས་མེད་པའི་འཇིག་རྟེན་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་། གློ་བུར་དུ་ཡལ་འགྲོ་བ་དང་། དགོས་ངེས་ཀྱི་དུས་སུ་འཐོན་ཡོང་བའི་སྐུ་བརྙན་ངོ་མཚར་ཅན། གྲུབ་ཆེན་མིང་མེད་ཅེས་པ་ཞིག་གིས་ཁོང་གཉིས་ཀྱི་མུན་ནག་པའི་འཇིག་རྟེན་ལ་རེ་བའི་འོད་སྣང་བྱིན་པ་དང་། ལོ་རབས་ཁ་ཤས་རྗེས་སུ་བུ་མོ་གཅེན་གཅུང་གཉིས་ལ་སྐུ་བརྙན་དེ་ཕ་མེས་ཀྱི་ཤུལ་བཞག་རྩོད་པའི་སྐུལ་འདེད་དུ་འགྱུར་གྱི་རེད། བརྩམས་ཆོས་འདིའི་ནང་དུ་ཚེ་རིང་གཡང་འཛོམས་ཀྱིས་བཙན་བྱོལ་བ་དང་། གནས་སྤོས་ཡུལ་མི་ཚོས་རང་གི་ལོ་རྒྱུས་ལ་གུས་བརྩི་ཞུ་བ་དང་མཉམ་དུ་ཁོར་ཡུག་གསར་པ་ཞིག་ཏུ་ཚུད་ཐབས་བྱེད་པའི་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་སྡུག་ལ་རང་ཉིད་ཀྱི་འདོད་ཚུལ་གསལ་འདོན་བྱས་འདུག །
ཝ་ཤིང་ཊོན་སྦྲག་འཕྲིན། (Washington Post)
བོད་པའི་ཁྱིམ་ཚང་ཞིག་གི་བརྩེ་དུང་དང་། བློས་གཏོང་། ཕ་མེས་ཀྱི་ཤུལ་བཞག་སྐོར་གྱི་གཏམ་རྒྱུད་དང་བ་འདྲེན་པ་དང་ཡིད་དབང་འཕྲོག་པ་ཞིག ། ་་་ ཚེ་རིང་གཡང་འཛོམས་ཀྱིས་ཕྱི་ལོ་ ༡༩༦༠ རེ་གྲངས་སུ་བོད་ནས་བལ་ཡུལ་ལ་བྲོས་བྱོལ་དུ་ཡོང་བའི་རང་ཁྱིམ་གྱི་ཉམས་མྱོང་གཞིར་བཞག་སྟེ་བྲིས་པའི་གཏམ་རྒྱུད་ཡིད་དབང་འཕྲོག་པ་འདིའི་ནང་དུ་ལོ་རྒྱུས་དང་། ལྐོག་གྱུར་གྱི་ཤེས་བྱ། ད་དུང་ཆོས་ལུགས་ཀྱི་ཆོ་ག་མང་པོས་ཕྱུག་པར་བྱས་འདུག །
དཔེ་སྐྲུན་ཁང་གི་གཟའ་འཁོར་རེའི་དུས་དེབ། (Publishers Weekly)
མི་སྣ་གཙོ་བོ་བཞི་ཡི་ལོ་ངོ་ལྔ་བཅུ་ལྷག་གི་མི་ཚེའི་འགྲུལ་བཞུད་གཞིར་བཞག་པའི་བརྩམས་སྒྲུང་འདིས་བོད་པ་བཙན་བྱོལ་བའི་ཡོངས་གྲགས་མ་ཡིན་པའི་ལོ་རྒྱུས་ཞིབ་ཅིང་ཕྲ་བ་དང་། ཡིད་སེམས་འགུལ་བ་ཞིག་བཞེངས་སྐྲུན་བྱས་འདུག །
བུད་མེད་དུས་དེབ། (Ms Magazine)
Comments
Post a Comment