Click on Cover to Preview Book Sample
978-81-976419-8-5
དེབ་གཟུགས། 6.25 X 9.5
སྐད་ཡིག་དེབ་ཕྲེང་། 57
དཔར་སྐྲུན་ལོ། [2024] JA(A)/2024/44
དཔར་གྲངས། 500 (LF/VeeEnn/127263)
ཤོག་གྲངས། 472
Rs.750
འདི་ནི་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༥ ཚེས་ ༣ ནས་ ༥ བར་ཉིན་གསུམ་རིང་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག་འཚོགས་པའི་ “བོད་ཀྱི་སྐད་ཡིག་བགྲོ་གླེང་” སྐབས་ཀྱི་དཔྱད་རྩོམ་ཕྱོགས་སྒྲིག་ཅིག་ཡིན། དཔེ་དེབ་འདིའི་མཚན་ལ་ “སྐད་ཡིག་དེབ་ཕྲེང་། ༥༧ བོད་ཀྱི་སྐད་ཡིག་བགྲོ་གླེང་ སྐབས་ཀྱི་དཔྱད་རྩོམ་ ཕྱོགས་སྒྲིག” ཅེས་ཞུ་ཞིང་། རྩོམ་སྒྲིག་པ་ནི་ན་ག་སངས་རྒྱས་བསྟན་དར་ཡིན།
དེབ་འདིའི་ནང་དོན་གཙོ་བོ་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་གཏོང་ཕྱོགས་སྐོར་ཡིན་པ་དང་། དེའི་ནང་གི་དཔྱད་རྩོམ་ཁག་གི་དཀར་ཆག་གཤམ་གསལ་ལྟར་ཡིན།
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ། (སེར་ཤུལ་རབ་གསལ།)
- མིའི་བསམ་བློ་དང་སྐད་ཡིག་གི་འབྲེལ་ལམ་འཚོལ་ཞིབ། (རྔ་བ་ཀུན་བཟང་སྒྲོལ་མ།)
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དར་འཕེལ་བྱེད་ཕྱོགས་སྐོར་བྱིས་བློའི་རྨོངས་འཆར་སྲིན་བུ་མེ་འཁྱེར་གྱི་རང་མདངས། (ཀརྨ་དབང་གྲགས།)
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་གཅིག་ནི། བོད་སྐད་ཀྱི་འགུལ་རིས་ཚད་ལྡན་བཟོ་སྐྲུན་བྱེད་རྒྱུ་དེ་ཡིན། (དཀོན་མཆོག་རབ་བརྟན།)
- གོ་རྟོགས་དང་ཚོར་བ་ཡོད་པ་བཞིན་ལག་ལེན་བསྟར་ཚེ། མི་སྒེར་གཅིག་གམ་ཁྱིམ་ཚང་གཅིག་ནས་ཀྱང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གཏོང་ཐུབ། (བསྟན་འཛིན་པདྨ།)
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ།
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་སྐོར་གླེང་བ་མཐོ་སྒང་ལུག་རྫི་རྒན་པོའི་ཀི་སྒྲ་ཐེངས་གཉིས།
- མི་རིགས་ཀྱི་འགན་ཁུར་དང་སྐད་ཡིག་གི་རིན་ཐང་གླེང་བ། (རྒན་བྱམས་པ་བློ་བཟང་།)
- ལས་ཚིག (མིང་ཆུང་།)
- སྙན་ངག་རྡོའི་སེང་གེའི་བཅོས་ཐབས། (བསམ་གཏན།)
- ཕྱི་རྒྱལ་མི་རིགས་ལ་བོད་ཀྱི་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་། (ཁྱུང་ལུང་དོན་གྲུབ་སྒྲོལ་མ།)
- ཇི་ལྟར་བྱས་ཏེ་ང་ཚོས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་ཐུབ་བམ།
- ལ་དྭགས་ལྗོངས་ཀྱི་བྷོཊི་སྐད་ཡིག་དར་རྒུད་ཀྱི་ལོ་རྒྱུས་དང་མ་འོངས་འཕེལ་ཕྱོགས། (ཚེ་དབང་རྒྱལ་མཚན།)
- བོད་ཀྱི་སྐད་ཡིག་དར་འཕེལ་དང་སྲུང་སྐྱོབ་བྱ་ཐབས།
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་ཡོང་ཐབས་ལས་འཕྲོས་པའི་གཏམ། (ངག་དབང་ཕུན་ཚོགས。)
- བོད་ཀྱི་སྐད་ཡིག་དང་འབྲེལ་བའི་རྨོངས་འཆར་ཐོར་བུ། (སྤེན་པ་ཆུང་བདག)
- སྐད་ཡིག་གི་འཕེལ་རྒྱས་དང་རིན་ཐང་གླེང་བ། (ཟླ་དཀར་མཚོ།)
- བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་སྐོར་གྱི་བསམ་ཚུལ་རགས་བསྡུས། (གཉགས་ཚེ་དབང་ལྷུན་གྲུབ།)
- སྐད་དང་ཡི་གེ། (དོན་བརྒྱུད་རྒྱལ་མཚན།)
- འབྲུག་གཞུང་གྲྭ་ཚང་གི་སྒྲ་པའི་སྡེས་སྒྲ་རིག་འཆད་ཉན་དང་རྩོམ་པའི་སྒོ་ནས་ཇི་ལྟར་དར་བར་མཛད་པའི་སྐོར། (བསྟན་འཛིན་རྡོ་རྗེ།)
- སྐད་ཡིག་དང་མི་རིགས་བར་གྱི་འབྲེལ་བ། (རྒྱལ་མཚན་ཆོས་སྐྱིད།)
Comments
Post a Comment