བཙན་བྱོལ་ནང་གི་སྙན་ངག


Click on Cover to Preview Book Sample
978-81-976419-3-0
དེབ་གཟུགས། 5.5 X 8.5
སྐད་ཡིག་དེབ་ཕྲེང་། 56
དཔར་སྐྲུན་ལོ། [2024] JA(A)/2024/43
དཔར་གྲངས། 500 (AF#2579/VeeEnn/40061)
ཤོག་གྲངས། 176
Rs.240

ལྕང་སྐྱ་ཚེ་རིང་དོན་གྲུབ།

༄། དེ་ཡང་རྩོམ་པ་པོའི་སྔོན་གླེང་དུ། བདག་བཙན་བྱོལ་དུ་འབྱོར་མ་ཐག་སློབ་སྦྱོང་བྱེད་ཞོར། སྐབས་ཐོག་གི་སེམས་ཚོར་སྣ་མང་ཞིག་ཉིན་ཐོ་ལྟ་བུར་སྙན་ངག་གི་ལམ་ནས་བྲིས་ཏེ། གཞིས་བཞུགས་བྱམས་ལྡན་ཕ་མ་དང་སྤུན་ཟླ། བརྩེ་ལྡན་གྱི་ཡུལ་མི། མཛེས་པའི་ཕ་ཡུལ་བཅས་ལ་བཅངས་པའི་བརྩེ་བ་དང་དུང་སེམས་མཚོན་པ་སོགས། བཙན་བྱོལ་བའི་ཁྲོད་ཀྱི་མི་བུ་སྒེར་པ་ཞིག་གི་ཚོར་འགྱུ་དང་སྐབས་དུས་ཀྱི་འཚོ་བའི་སེམས་ཚོར་རྣམས་བྲིས་ཡོད། ཅེས་གསུངས་པ་ལྟར། འདིར་འཁོད་སྙན་རྩོམ་ཁག་ནི། བོད་ཕྱི་ནང་གཉིས་ཀར་རང་མོས་སྙན་ངག་ཅེས་པའི་རྩོམ་ཐབས་གསར་པའི་ཚ་རླབས་ཆེས་ཆེར་འཕྱུར་བཞིན་པའི་སྐབས་ཏེ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པར་བྲིས་པ་ཞིག་ཡིན་པ་དང་། འདིའི་བརྗོད་དོན་གཙོ་བོ་ཡང་སྐབས་དེའི་ཁོར་ཡུག་གིས་བྱིན་པའི་དགའ་སྐྱོ་ཆགས་སྡང་དང་མཐོང་ཐོས་མྱོང་གསུམ་གྱི་ཚོར་འགྱུ་སྐྱེན་པོ་དག་སྙན་འཇེབས་ཚིག་གི་སྲད་བུར་བརྒྱུས་ཏེ་ཤར་མར་བྲིས་པ་ཡིན་གཤིས། ས་མཐའི་གཞོན་སྐྱེས་ཤིག་གི་སེམས་ཚོར་དམར་མོ་དག་ལང་ཚོའི་འགུལ་ཤུགས་དང་བསྡེབས་ནས་ཤོག་ཐོག་ཏུ་འཕོས་པ་ཞིག་གོ།

Comments

Comments

Post a Comment