Click on Cover to Preview Book Sample
978-81-976419-0-9
དེབ་གཟུགས། 5.5 X 8.5
ཀུན་ཕན་དེབ་ཕྲེང་། 21
དཔར་སྐྲུན་ལོ། [2024] JA(A)/2024/39
དཔར་གྲངས། 300 (AF/Sahra/29028)
ཤོག་གྲངས། 110
Rs.300
༄༅། །དཔེ་དེབ་འདི་ནི་དུས་རབས་ཉི་ཤུའི་ནང་གི་ཚན་རིག་པ་གྲགས་ཅན་ཨེན་སི་ཊེན་ (Albert Einstein) གྱི་གསུང་བཤད་དང་ལྗགས་རྩོམ་ལས་བཏུས་པའི་གསུང་བཏུས་ཤིག་ཡིན། དེབ་འདིའི་མིང་ལ་《ཨེན་སི་ཊེན་གྱི་ཁམ་གང་》 (Bite-Size Einstein) ཞེས་ཞུའོ། །
དེབ་འདིའི་ནང་དོན་གཙོ་བོ་ནི་གཤམ་གསལ་ལྟར་ཡིན།
- ཨེན་སི་ཊེན་གྱི་སྐུ་ཚེའི་ལོ་རྒྱུས། ཨེན་སི་ཊེན་གྱི་སྐུ་ཚེའི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་བྱས་ཡོད།
- བརྗོད་བྱ་སྣ་མང་གི་གཟིགས་ཚུལ། ཨེན་སི་ཊེན་གྱིས་རང་ཉིད་དང་འཚོ་བའི་སྐོར། མཚན་ཉིད་རིག་པ། ཆབ་སྲིད། ཆོས་ལུགས། ཚན་རིག སྤྱི་ཚོགས། སྒྱུ་རྩལ་དང་རོལ་མོ། མི་ཆོས་དང་ཀུན་སྤྱོད། འཐབ་རྩོད་དང་ཞི་བདེ་བཅས་ཀྱི་ཐད་ལ་བཟུང་བའི་གཟིགས་ཚུལ་དང་ཤེས་རབ་ཀྱི་ལེགས་བཤད་རྣམས་ཕྱོགས་བསྡུས་བྱས་ཡོད།
དེབ་འདི་ནི་ཨ་རི་བ་ཇེ་རོས་མཱ་དབྱིར་དང་ཇོན་ཧོམ་སི་གཉིས་ཀྱིས་རྩོམ་བཏུས་བགྱིས་པ་ཞིག་ཡིན་ལ། ལོ་ཙཱ་བ་རིག་སྨོན་ཚེ་རིང་བསམ་གྲུབ་ལགས་ཀྱིས་རྒྱ་ཡིག་ནས་བོད་སྐད་དུ་བསྒྱུར་ཏེ་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པ་ཞིག་ལགས།
Comments
Post a Comment