Click on Cover to Preview Book Sample
978-81-972116-7-6
དེབ་གཟུགས། 7 X 9.5
སྐད་ཡིག་དེབ་ཕྲེང་། 01
དཔར་སྐྲུན་ལོ། [2024] JA(A)/2024/38
དཔར་གྲངས། 300 (FC/Sahra/136290)
ཤོག་གྲངས། 656
Rs.1350
བཙན་ལྷ་ངག་དབང་ཚུལ་ཁྲིམས།
༄༅། །དཔེ་དེབ་འདི་ནི་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བརྡ་དཀྲོལ་རིན་ཐང་བྲལ་བ་ཞིག་སྟེ། མཁས་དབང་དུང་དཀར་རིན་པོ་ཆེ་མཆོག་དང་སྙིགས་དུས་ཀྱི་ཐོན་མི་གཉིས་པ་རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་སོགས་ཀྱིས་བསྔགས་བརྗོད་དབུགས་དབྱུང་དང་སྐུལ་མ་གནང་བ་ལ་བརྟེན་ནས། ཁོང་གིས་ལོ་ངོ་བཅུ་ལྷག་གི་རིང་འབད་བརྩོན་ཟམ་མ་ཆད་པར་བགྱིས་ཏེ་གྲུབ་པ་ཞིག་རེད། དཔེ་དེབ་འདིའི་ཁྲོད་དུ་གངས་ཅན་བོད་ཀྱི་བརྡ་རྙིང་གཙོ་བོར་བྱས་པའི་གསར་རྙིང་གི་བརྡ་ཚིག་གོ་དཀའ་བ་མང་པོ་ཞིག་གི་ཚིག་མདུད་ལེགས་པར་བཀྲོལ་ཏེ་འཇུག་བདེར་བཟོས་འདུག་ལ། བརྡ་དཀྲོལ་གྱི་གཞུང་ཆུང་མི་ཉུང་བ་ཞིག་གིས་མཚོན་ཆོས་འབྱུང་དང་རྣམ་ཐར། བརྡ་སྤྲོད་དང་སྙན་གཞུང་། ལམ་རིམ་དང་བློ་སྦྱོང་། སྐྱེས་རབས་དང་རྟོགས་བརྗོད་སོགས་བརྡ་དཀྲོལ་གྱི་ལུང་རིགས་འཚོལ་བ་ལ་འབྲེལ་ཆེ་བའི་དཔེ་དེབ་སུམ་བརྒྱ་ལྷག་ནས་བརྡ་རྙིང་བཏུས་པའམ་དེའི་དཀའ་ཚིག་བཀྲོལ་ཡོད། བརྡ་ཚིག་དཀྲོལ་སྐབས་འོལ་ཚོད་དང་རིགས་བསྒྲེ་ལྟ་བུ་མ་ཡིན་པར་ཡིད་ཆེས་འཕེར་བའི་ཁུངས་ལུང་གསལ་པོར་བཀོད་དེ་དཔེར་བརྗོད་ཀྱི་ལམ་ནས་གོ་བདེ་བར་བསྒྲིགས་འདུག །ལྷག་པར་དུ་སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་མང་པོ་ཞིག་སྤྱི་ཚོགས་ལ་འབྲེལ་འདྲིས་ཆེར་མེད་པར་དབེན་གནས་ཁོ་ནར་བཞུགས་སྟབས། ཁོང་ཅག་གིས་མཛད་པའི་ལམ་རིམ་བློ་སྦྱོང་ཁག་ཏུ་གོ་དཀའ་བའི་ཐ་སྙད་ཤིན་ཏུ་མང་བ་དེ་ཚོའི་གོ་དོན་རྟོགས་པ་ལ་གསེར་གྱི་མེ་ལོང་འདི་ནི་ཆེས་ཁྱད་ཞུགས་པ་ཞིག་རེད་འདུག
Comments
Post a Comment