Click on Cover to Preview Book Sample
978-81-972116-3-8
དེབ་གཟུགས། 5.5 X 8.5
ནང་ཆོས་དེབ་ཕྲེང་། 48
དཔར་སྐྲུན་ལོ། [2024] JA(A)/2024/36
དཔར་གྲངས། 1000 (AF#/VeeEnn/102306)
ཤོག་གྲངས། 322
Rs.300
༄༅། །ད་ལན་འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱི་གསུང་ཐོར་བུ་འགའི་འགྲེལ་པ་ཁག་གཅིག་འདེམས་སྒྲུག་གིས་རྩ་འགྲེལ་སྦྱར་ཏེ་དཔར་སྐྲུན་ཞུས། སྤྱིར་རྗེ་བདག་ཉིད་ཆེན་པོའི་གསུང་རྩོམ་ཁག་ནི་རྗེ་རང་ཉིད་ཀྱི་ཞལ་ནས། “དོན་བཟང་བ་ལའང་ཡིད་འཕྲོག་ཚིག་སྦྱོར་གྱིས། །སྤྲས་པར་གྱུར་ན་ཆེས་ཆེར་མཛེས་པར་འགྱུར། །”ཞེས་གསུངས་པ་ལྟར་བཅད་ལྷུག་གང་ཐད་ནས་རྗོད་བྱེད་ཚིག་གི་མཛེས་རྩལ་དང་བརྗོད་བྱ་དོན་གྱི་སྙིང་བཅུད་སོགས་ལ་ཆེས་རིན་ཐང་ལྡན་པས་ལེགས་བཏུས་ཞུ་ཤེས་ཐབས་མེད་ནའང་། ལྟ་བའི་གནད་སྟོན་པའི་རྟེན་འབྲེལ་བསྟོད་པར་མཚོན་ན། བོ་དོང་པཎ་ཆེན་གྱིས་དང་ཐོག་མགོན་པོ་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་བའི་གསུང་དུ་ནོར་བ་ལྟ་བུ་རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་ལྟ་བ་རྣམ་དག་སྟོན་པའི་གཞུང་བཟང་དེ་ཉིད་ཀྱིས་གཙོས། ཡོན་ཏན་གཞིར་གྱུར་མ་དང་། ལམ་རིམ་བསྡུས་དོན། ལམ་གཙོ་རྣམ་གསུམ། འདུལ་བ་རྒྱ་མཚོའི་སྙིང་པོ། སྐབས་གསུམ་མ། ཐོག་མཐའ་བར་གསུམ་དུ་དགེ་བའི་སྨོན་ལམ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ། གསང་འདུས་སྨོན་ལམ་བཅས་བརྗོད་བྱའི་ཆ་ནས་མདོ་སྔགས་རིག་གནས་དང་བཅས་པ་ཆ་ལག་ཚང་བའི་འགྲེལ་པ་གྲགས་ཆེ་བ་འགའ་ཞིག་ཕྱོགས་བསྒྲིགས་བྱས་ཡོད་ན་པདྨའི་མཚོ་ལ་ངང་མོའི་ཚུལ་གྱིས་འཇུག་པར་འཚལ་ཞེས་སྐུལ་ལོ།།
Comments
Post a Comment