ལ་རྒྱ་དུས་དེབ། ༢༠༢༤


Click on Cover to Preview Book Sample
978-81-972116-0-7
དེབ་གཟུགས། 7.5 X 10.5
ལ་རྒྱ་དུས་དེབ། 2024
དཔར་སྐྲུན་ལོ། [2024] JA(A)/2024/33
དཔར་གྲངས། 500 (LF/Sahra/54,280)
ཤོག་གྲངས། 108
Rs.150


འདི་ག་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་པའི་ “ལ་རྒྱ་དུས་དེབ།” (སྤྱིའི་འདོན་ཐེངས་གཉིས་པ།) ཀྱི་བརྗོད་བྱ་གཙོ་བོ་ནི། བོད་ཀྱི་སྐད་ཡིག་དང་ཐུན་མིན་གྱི་རིག་གཞུང་། མི་རིགས་ཀྱི་ལ་རྒྱ་དང་ཤ་ཞེན་བཅས་གཅེས་སྤྲས་དང་སྲུང་སྐྱོབ་བྱ་རྒྱུ་ དེ་ཡིན།

དུས་དེབ་འདིའི་ནང་དོན་སྙིང་བསྡུས་གཤམ་གསལ།
  • ༸གོང་ས་མཆོག་གི་བཀའ་སློབ། བོད་ཀྱི་རིག་གཞུང་གི་རྩ་བ་ནི་སྐད་ཡིག་ཡིན་པས། བོད་པའི་སྐད་ཡིག་བརྗེད་ན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱེད་ཐབས་མེད་པའི་སྐོར་ དང་། གཞོན་སྐྱེས་རྣམས་ནས་བོད་མི་རིགས་ཀྱི་ཁྱད་ཆོས་བཟང་པོ་རྣམས་གཞི་ལ་བཞག་ནས་དེང་དུས་དང་མཐུན་པའི་མི་ཚེ་སྐྱེལ་སྟངས་ཤེས་དགོས་པའི་ལམ་སྟོན་སྩལ་ཡོད།
  • ནང་པའི་ལྟ་གྲུབ་དང་བཟང་སྤྱོད། ནང་པའི་གཞི་རྩའི་ལྟ་གྲུབ་ “བདག་མེད་པ་” ཞེས་པའི་རྣམ་གཞག་དབྱེ་ཞིབ་བྱས་ཏེ། བདག་འཛིན་ནི་ནོར་འཁྲུལ་ཅན་གྱི་བློ་ཡིན་པ་དང་ དེ་ཉིད་སྤོང་ཐབས་ལ་གོམས་ན་ཉོན་མོངས་དང་དཀའ་ངལ་ཐམས་ཅད་མེད་པར་འགྱུར་ཚུལ་ བཤད་ཡོད། དེ་བཞིན་བདེན་བཞིའི་རིགས་ལམ་ལ་སྦྱར་ནས་ཆོས་ལུགས་ཀྱི་མཚམས་ལས་བརྒལ་བའི་འགྲོ་བ་མིའི་ཡ་རབས་བཟང་སྤྱོད་ གོ་རྟོགས་སྤེལ་ཐབས་ཀྱི་སྐོར་འཁོད་དོ།།
  • བོད་ཀྱི་གནའ་ཡིག་དང་ལོ་རྒྱུས་དཔྱད་རྩོམ། བོད་ཀྱི་གནའ་ཡིག་གི་ཀློག་སྟངས་དང་དེའི་གོ་དོན་འཚོལ་ཐབས་སྐོར་ ཞིབ་ཕྲ་ངོ་སྤྲོད་བྱས་ཡོད་པ་མ་ཟད། གུང་པཎྜི་ཏ་བོད་ཀྱི་སྲིད་ཚབ་དང་བཀའ་བློན་དུ་སུས་བསྐོས་མིན་ལ་ལོ་རྒྱུས་ཀྱི་ཡིག་ཆར་གཞིགས་ནས་དཔྱད་ཞིབ་བྱས་ཡོད།
  • རྩོམ་རིག་དང་སྙན་ངག མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་གྱིས་མཛད་པའི་བརྩམས་སྒྲུང་ “གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་” ཀྱི་ནང་དོན་དང་སྒྱུ་རྩལ་གྱི་སྐོར་ དང་། བརྩམས་སྒྲུང་གི་མི་སྣ་བཀོད་འབྲི་བྱ་ཐབས། དེ་བཞིན་ལོ་ཟླའི་མིག་ཆུ་སོགས་སྙན་རྩོམ་ཁག་གཅིག་བཀོད་ཡོད།
  • ཁོར་ཡུག་དང་ཚན་རིག་ཤེས་བྱ། རྩོམ་པ་པོའི་སྐྱེ་ཡུལ་ (མདོ་སྨད་ཨ་མཆོག་) གྱི་ཁོར་ཡུག་དང་ཆུ་མིག ཆོ་ཆེན་སོགས་ལོ་ངོ་བཞི་བཅུའི་རིང་ཇེ་ཉུང་དང་སྐམ་ཤས་ཆེ་རུ་སོང་བའི་གནས་ཚུལ་ དང་། རྒྱ་མཚོའི་ཆུ་ཚྭ་ཁུ་ཡིན་པའི་རྒྱུ་མཚན། འུག་པས་མཚན་མོ་མཐོང་ཐུབ་པའི་རྒྱུ་མཚན། གས་ཐོར་ཆེན་མོའི་རྣམ་གཞག་ སོགས་སྤྱིར་བཏང་ཤེས་བྱའི་སྐོར་མང་པོ་ཚུད་ཡོད།
  • བོད་ཀྱི་དམངས་ཁྲོད་རིག་གནས། དུས་དེབ་ཀྱི་མཇུག་ཏུ་དབུས་གཙང་གི་ཚིག་རྒྱག་དང་ བསམ་བློའི་རྩལ་རྒྱས་བྱེད་ཀྱི་གབ་ཚིག་ཁག་གཅིག་བཅས་བཀོད་འདུག

Comments

Comments

Post a Comment