རྗེའི་རྣམ་ཐར་དད་པའི་པདྨོ་རྒྱས་པའི་ཉིན་བྱེད་རྩ་འགྲེལ།


Click on Cover to Preview Book Sample
978-81-972116-8-3
དེབ་གཟུགས། 5.5 X 8.5
རྣམ་ཐར་དེབ་ཕྲེང་། 39
དཔར་སྐྲུན་ལོ། [2024] JA(A)/2024/32
དཔར་གྲངས། 300 (LF/VeeEnn/29878)
ཤོག་གྲངས། 68
Rs.300

དེབ་འདི་ནི་ ཁམས་གསུམ་འགྲོ་བའི་བླ་མ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་མཆོག་གི་རྨད་དུ་བྱུང་བའི་རྣམ་ཐར་དང་མཛད་པ་ སྐོར་ཡིན།

དེབ་འདིའི་ནང་དོན་གཙོ་བོ་ཁག་བསྡུས་ན་གཤམ་གསལ་ལྟར་ཡིན།
  • རྗེའི་རྣམ་ཐར་རྩ་བ་དང་འགྲེལ།: དེབ་འདི་ནི་སྨན་ཤུལ་རྗེ་བཙུན་བློ་བཟང་ཡེ་ཤེས་བསྟན་འཛིན་གྱིས་ཚིགས་བཅད་དུ་བསྡེབས་པའི་རྗེའི་རྣམ་ཐར་རྩ་བ་ དང་། དེ་ཉིད་སེར་བྱེས་དགེ་བཤེས་སོག་རུ་ཐུབ་བསྟན་ཆོས་གྲགས་ཀྱིས་ཕྱི་ལོ་དང་སྦྱར་ནས་གོ་བདེར་བཏང་བའི་འགྲེལ་པ་གཉིས་སྦྲགས་མ་ཞིག་ཡིན།
  • རྗེའི་སྐུ་ཚེའི་མཛད་པ།: རྗེ་ཙོང་ཁ་པ་མཆོག་གི་སྐུ་འཁྲུངས་པའི་སྔ་ཕྱིའི་རྨི་ལྟས་ དང་། གཞོན་ནུའི་གནས་སྐབས་། དགུང་ལོ་གསུམ་པར་དགེ་བསྙེན་གྱི་སྡོམ་པ་བཞེས་པ་། དགུང་ལོ་བདུན་པར་རབ་ཏུ་བྱུང་ནས་སྡོམ་གསུམ་བཞེས་པ་ སོགས་གསལ།
  • ཐོས་བསམ་དང་མཁས་པའི་གོ་འཕང་།: དགུང་ལོ་བཅུ་བདུན་ལ་དབུས་སུ་ཕེབས་ནས་ ཡོངས་འཛིན་དུ་མ་བསྟེན་ཏེ་ མངོན་རྟོགས་རྒྱན། བྱམས་ཆོས་། དབུ་མ། འདུལ་བ། ཚད་མ་སོགས་གཞུང་ཆེན་ཁག་ལ་གསན་བསམ་མཐར་ཕྱིན་པ་མཛད་དེ་དཀའ་ཆེན་རྣམ་བཞིའི་གྲྭ་སྐོར་གནང་ཚུལ་ དང་། གསང་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོར་གསན་བསམ་དང་གར་ཐིག་དབྱངས་གསུམ་ལ་སྦྱངས་པ་མཛད་ཚུལ་བཀོད་ཡོད།
  • བསགས་སྦྱངས་དང་གཟིགས་སྣང་།: འོལ་ཁ་ཆོས་ལུང་སོགས་སུ་བྱོན་ནས་བསགས་སྦྱངས་གཉིས་ལ་འབད་པ་དྲག་པོ་མཛད་ཚུལ་ དང་། རྗེ་བཙུན་འཇམ་པའི་དབྱངས་དང་ སངས་རྒྱས་སུམ་ཅུ་སོ་ལྔ་སོགས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་དང་ལུང་བསྟན་བྱུང་ཚུལ།
  • བསྟན་པའི་མཛད་ཆེན།: རྫིང་ཕྱིའི་ཇོ་བོ་ཞིག་གསོས་མཛད་པ་། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང་བ་། འབྲོག་རི་བོ་ཆེར་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་པ་ སོགས་འཁོར་ལོ་གསུམ་གྱི་མཛད་པ་བཟང་པོ་རྣམས་འཁོད་ཡོད།
  • མྱང་ངན་ལས་འདས་པ།: མཛད་པ་མཐའ་མ་བསྟན་ཟིན་ནས་དགུང་ལོ་རེ་གསུམ་པར་ ས་ཕག་ཧོར་ཟླ་བཅུ་བའི་ཉེར་ལྔའི་ཉིན་དགའ་ལྡན་གྱི་ཞིང་དུ་ལེགས་པར་གཤེགས་ཚུལ་ བཅས་རྗེ་རིན་པོ་ཆེའི་རྨད་དུ་བྱུང་བའི་རླབས་ཆེན་གྱི་མཛད་པ་རྣམས་མཛུབ་མོས་རི་སྟོན་གྱི་ཚུལ་དུ་བཀོད་པའི་ལོ་རྒྱུས་དེབ་ཐེར་ཞིག་ཡིན།

Comments

Comments

Post a Comment