མཐོ་སྒང་ཇོ་མོའི་དཔྱད་གླེང་།


Click on Cover to Preview Book Sample
978-81-970304-3-7
དེབ་གཟུགས། 5.5 X 8.5
སྣ་ཚོགས་དེབ་ཕྲེང་། 22
དཔར་སྐྲུན་ལོ། [2024] JA(A)/2024/28
དཔར་གྲངས། 500 (AF#2457/Sahra/45430)
ཤོག་གྲངས། 135
Rs.270


ཕྱག་དེབ་ <<མཐོ་སྒང་ཇོ་མོའི་དཔྱད་གླེང༌།>> འདི་ནི་བོན་གྱི་ལྟ་གྲུབ་ལ་ལོ་མང་སྦྱངས་པ་གནང་མཁན་དགེ་བཤེས་ཕུན་ཚོགས་ཚུལ་འཛིན་གྱིས་བརྩམས་པ་ཞིག་ཡིན། ཕྱག་དེབ་འདིའི་ནང་དོན་གཙོ་བོ་ནི་གཤམ་གསལ་ལྟར་ཡིན།

  • བོད་ཀྱི་བུད་མེད་དང་བཙུན་མའི་གནས་བབ། བོད་ཀྱི་བུད་མེད་དང་བཙུན་མ་རྣམས་ཀྱི་ལས་དབང་། དཀའ་སྡུག དེ་བཞིན་ཁོར་ཡུག་དང་ད་ལྟའི་གནས་བབ་སྐོར་བོན་གྱི་བཙུན་མའི་བརྒྱུད་རིམ་དང་སྦྲེལ་ནས་གླེང་ཡོད།
  • ལོ་རྒྱུས་ཐོག་གི་བུད་མེད་གྲགས་ཅན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་ནང་མིང་གྲགས་ཆེ་བའི་བུད་མེད་བྱུང་ཚུལ་དང་། ཡིག་ཚང་རྙིང་པའི་ཁྲོད་ཀྱི་རླབས་ཆེན་གྱི་བུད་མེད་ཁག་ཅིག་གི་ལོ་རྒྱུས་ངོ་སྤྲོད་བྱས་ཡོད།
  • གཡུང་དྲུང་བོན་གྱི་བཙུན་མའི་དགོན་ཁག དུས་རབས་ ༢༡ པའི་ནང་གཡུང་དྲུང་བོན་གྱི་བཙུན་མའི་གནས་སྟངས་དང་། བཙུན་མ་རྣམས་ཀྱིས་སློབ་གཉེར་གནང་སའི་དགོན་ཁག་སྟེ། སྨན་རིའི་བཙུན་དགོན་རཏྣ་སྨན་གླིང་དང་། རྒྱལ་རི་དགོན། ཉག་རོང་བྱ་བཏང་རི་ཁྲོད། ལྡོང་རྫོང་དགོན་སོགས་ཀྱི་ལོ་རྒྱུས་དང་སློབ་གཉེར་གནང་སྟངས་སྐོར་བཀོད་ཡོད།
  • དགེ་སློབ་བར་གྱི་འབྲེལ་ལམ། དགེ་རྒན་ལ་དཔྱད་པ་དང་། དགེ་རྒན་གྱིས་དགེ་ཕྲུག་སྐྱོང་སྟངས་སྐོར། དེ་བཞིན་སློབ་མས་དགེ་རྒན་བསྟེན་སྟངས་དང་དགེ་སློབ་བར་གྱི་འབྲེལ་ལམ་སྐོར་གླེང་ཡོད།
  • བོད་ཟས་ཀྱི་སྐོར། རྫས་སྦྱོར་གང་ཡང་མ་བསྲེས་པའི་བོད་ཟས་དྭངས་མ་རྩམ་པ་དང་། བོད་ཇ་སྲུབ་མ། འོ་མ། མར། ཕྱུར་ར་སོགས་བོད་ཟས་ཀྱི་འབྱུང་ཁུངས་དང་། ཕན་ཡོན། བཟོ་སྟངས་སྐོར་རྒྱས་པར་གླེང་ཡོད།

མདོར་ན་དེབ་འདི་ནི་བོད་ཀྱི་སྐད་ཡིག་དང་། བན་བོན་གྱི་རིག་གཞུང་། བཤེས་གཉེན་བསྟེན་ཚུལ། འཕྲོད་བསྟེན་དང་འབྲེལ་བའི་ཟ་མ་བཅས་ཀྱི་སྐོར་བོད་རིགས་སྤུན་ཟླ་རྣམས་ལ་ལེགས་སྐྱེས་སུ་སྤེལ་བའི་དཔྱད་དེབ་ཅིག་ཡིན།

Comments

Comments

Post a Comment