Click on Cover to Preview Book Sample
978-81-970304-1-3
དེབ་གཟུགས། 6.25 X 9.5
ཀུན་ཕན་དེབ་ཕྲེང་། 19
དཔར་སྐྲུན་ལོ། [2024] JA(A)/2024/22
དཔར་གྲངས། 300 (LF/Sahra/61950)
ཤོག་གྲངས། 348
Rs.600
དེབ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བྲིས་པ་ཞིག་ཡིན་ལ། འདིའི་དམིགས་ཡུལ་གཙོ་བོ་ནི། འཛམ་གླིང་རང་བཞིན་ཅན་གྱི་ཡང་དག་པའི་ཆོས་ལུགས་རིས་མེད་རྣལ་མ་ཞིག་ལ། ཀུན་གྱིས་གོ་བ་ལོན་ནས་ལག་ལེན་བསྟར་ཐུབ་པའི་ཆེད་དུ་ཡིན།
བོད་ལ་རྒྱུས་མངའ་ཆེ་བའི་ཕྱི་རྒྱལ་འབུམ་རམས་པ་འགས་འདི་དགོན་སྡེ་དང་སློབ་གྲྭ་ཁག་གི་སློབ་དེབ་བྱས་ན་ལེགས་པའི་བསམ་ཚུལ་བཏོན་ཡོད།
ད་ལྟའི་བར་དུ་རྒྱལ་སྤྱིའི་རང་བཞིན་ཅན་གྱི། རིས་མེད་ལ་དོན་དང་མཐུན་པའི་གོ་བ་ཞིག་ཀུན་གྱིས་མ་ལོན་པས་དབང་གིས། ད་ལྟ་བར་དུ་ཆོས་ལུགས་སོགས་ལ་རིས་མེད་ཀྱི་ལྟ་བས་འཛམ་གླིང་ལ་ཤུགས་རྐྱེན་ཆེས་བཟང་བོ་ཞིག་ཐོབ་མྱོང་མེད་མོད།
དེའི་ཕྱིར། འདིར་ཆོས་ལུགས་རིས་མེད་ཀྱི་ལྟ་བ་གོ་སླ་བའི་ཐབས་ལམ་དང་། རྒྱུད་ལ་སྐྱེ་སླ་བའི་ཐབས་ཚུལ། གོ་ནས་རིམ་པ་བཞིན་ལག་ལེན་མཐོར་འདེགས་སུ་གཏོང་ཚུལ་སོགས་ཁ་གསལ་བོར་བྲིས་ཡོད་ལ། དེས་འཛམ་གླིང་ཞི་བདེ་དངོས་སྟེ། དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་བའི་སྐལ་བ་རྫོགས་ལྡན་ཕྱི་མ་ཇི་ལྟར་འདྲེན་ཚུལ་དམིགས་ཡུལ་བྱས་ཡོད།
དེ་དག་ལ་རྒྱུས་མངའ་ཡི་མཐུན་རྐྱེན་ཤེས་ཡོན་གྱི་ཆེད་དུ། བོད་ཀྱི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་སྐོར་མདོར་བསྡུས་དང་། དེང་དུས་གཡུང་དྲུང་བོན་དུ་གྲགས་པའི་སྐོར་དང་། སྔ་འགྱུར་རྙིང་མ། དཔལ་ལྡན་ས་སྐྱ། འགྲོ་མགོན་བཀའ་བརྒྱུད་པ། དཔལ་རྒྱལ་བ་ཇོ་ནང་པ། རི་བོ་དགེ་ལུགས་པ་སོགས་ཀྱི་སྐོར་ཅུང་རྒྱས་སྤྲོས་དང་། མ་ཟད་རིས་མེད་པ་རྣམས་ཀྱི་བྱུང་རབས། ལྟ་གྲུབ། ཉམས་ལེན་དང་བཅས་པ། ཁ་གསལ་ལ་ཅུང་རྒྱས་པ་སྟེ་བསྡུས་འོས་ཤིང་འཚམ་པ་བཅས་ཡོད་དོ།།
Comments
Post a Comment